ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་མཁན་གྱི་འགན་འཁྲི་ཅི་ཡིན།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1147པའི་གཏན་འཁེལ་ལྟར་ན། ཤུལ་བཞག་རྒྱུ་དངོས་དོ་དམ་པས་གཤམ་གསལ་གྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ།

(གཅིག) ཤུལ་བཞག་རྒྱུ་དངོས་གཙང་བཤེར་བྱས་པར་མ་ཟད། ཤུལ་བཞག་རྒྱུ་དངོས་ཀྱི་རྩིས་ཐོའང་བཟོ་དགོས།

(གཉིས) ཤུལ་འཛིན་པར་ཤུལ་བཞག་རྒྱུ་དངོས་ཀྱི་གནས་ཚུལ་སྙན་ཞུ་བྱ་དགོས།

(གསུམ) དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཤུལ་བཞག་རྒྱུ་དངོས་གཏོར་བརླག་དང་རྩ་བརླག་ཏུ་མི་འགྲོ་བར་སྔོན་འགོག་བྱ་དགོས།

(བཞི) ཤུལ་བཞག་ནོར་བདག་གི་བུན་དབང་དང་བུ་ལོན་ཐག་གཅོད་བྱ་དགོས།

(ལྔ) ཁ་ཆེམས་སམ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་དགོས།

(དྲུག) ཤུལ་བཞག་རྒྱུ་དངོས་ལག་བསྟར་དང་དོ་དམ་གྱི་འབྲེལ་ཡོད་དགོས་ངེས་ཀྱི་བྱ་སྤྱོད་གཞན་དག་བཅས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号