མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཐུན་མོང་དང་ངལ་རྩོལ་དཔེ་བཟང་མི་སྣ། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་མཚན་སྙན་གནང་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས།

 ཟླ12ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཐུན་མོང་དང་ངལ་རྩོལ་དཔེ་བཟང་མི་སྣ། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་མཚན་སྙན་གནང་བའི་གཟེངས་བསྟོད་ཚོགས་ཆེན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་བསྡུས།  གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ངལ་རྩོལ་དཔེ་བཟང་མི་སྣའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ལ་བརྩེ་བ་ཟབ་མོས་བསྔགས་བརྗོད་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་གཟི་བརྗིད་ལྡན་པ་དང་། རྩལ་ནུས་རྩ་ཆེ་བ། གསར་གཏོད་རླབས་ཆེ་བ་བཅས་ཀྱི་དུས་རབས་ཀྱི་སྲོལ་བཟང་དར་སྤེལ་བཏང་སྟེ། ངལ་རྩོལ་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་པར་སྣེ་ཁྲིད་དང་སྐུལ་འདེད་བྱས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། གཟེངས་བསྟོད་ཐོབ་པའི་ངལ་རྩོལ་དཔེ་བཟང་ཐུན་མོང་དང་། ངལ་རྩོལ་དཔེ་བཟང་མི་སྣ། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་སོ་སོའི་སྟེང་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོས་མཚོ་སྔོན་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་རེ་རེ་དང་མཚན་སྙན་རེ་རེའི་ཁྲོད་དུ་རྒྱ་ཆེའི་ངལ་རྩོལ་པའི་བློ་གྲོས་དང་རྔུལ་ཆུ། སྒེར་སེམས་མེད་པར་བྱས་རྗེས་བཞག་པ་བཅས་འདུས་ཡོད་ལ། ངལ་རྩོལ་དཔེ་བཟང་མི་སྣའི་དུས་རབས་ཀྱི་སྙིང་སྟོབས་དང་བླ་ན་མེད་པའི་གཤིས་རྒྱུད་ཀྱང་མཚོན་ཡོད། ད་ལྟའི་མཚོ་སྔོན་ནི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས། དུས་སྐབས་གང་ལས་ཀྱང་ངལ་རྩོལ་དཔེ་བཟང་མི་སྣའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་གཏོང་རྒྱུ་དེ་ཧ་ཅང་མཁོ་བ་དང་།  རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་འབད་བརྩོན་ཆེན་པོས་ངལ་རྩོལ་བྱེད་པ་དང་།   ལྷག་བསམ་རྣམ་དག་གིས་ངལ་རྩོལ་བྱེད་པ།  གསར་གཏོད་ཀྱིས་ངལ་རྩོལ་བྱེད་པ་བཅས་དེ་ལས་ཀྱང་མཁོ་ལ། ལས་རིགས་སོ་སོ་དང་འཐབ་ཕྱོགས་སོ་སོས་ཁག་ཁུར་འབད་བརྩོན་དང་།  བཅོས་སྒྱུར་གསར་གཏོད། ཡར་བརྩོན་བཅས་བྱེད་རྒྱུ་ཡང་དེ་ལས་ཀྱང་མཁོ་བས། ཚང་མས་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་བརྗིད་ཉམས་ལྡན་པའི་དཔེ་རིས་འགོད་དགོས་ཞེས་བསྟན།

ཁྲིན་ཀང་གིས་རྒྱ་ཆེའི་ངལ་རྩོལ་པ་རྣམས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལྷག་བསམ་རྣམ་དག་གི་ལག་ལེན་པ་བྱས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་བ་དང་།   གསར་གཏོད་གསར་སྐྲུན་བྱེད་པ་དང་འཚར་ལོངས་ཡར་སྐྱེད་འབྱུང་བའི་སྤྲོ་སེམས་དང་ངར་སེམས་འཕེལ་བར་བྱས་ནས། མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟོབས་ཤུགས་གཙོ་བོ་འདོན་དགོས། ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་པ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བཅོས་སྒྱུར་ལ་གོང་བཀུར་བརྟན་པོ་དང་། རྒྱབ་སྐྱོར་ཆེན་པོ།  ཟབ་ཞུགས་ཧུར་ཐག་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རོགས་སྐྱོར་མཉམ་ལས།  མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་འཚོ་ལེགས་བཅོས། ཏང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་ལག་བསྟར་པ་དང་། འགུལ་སྐྱོད་པ།   དངོས་སྒྲུབ་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བྱང་ཚད་མཐོ་བའི་ངལ་རྩོལ་དཔུང་ཆེན་གྱི་དཔེ་སྟོན་སྣེ་ཁྲིད་པ་བྱས་ཏེ། ཚེ་གང་སློབ་སྦྱོང་གི་འདུ་ཤེས་འཛུགས་པ་དང་། རང་རྟོགས་སྒོས་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཞུགས་པ། ན་གཞོན་ལོ་ཆུང་གིས་ཡང་དག་པའི་ངལ་རྩོལ་ལྟ་བ་འཛུགས་པར་ཁྲིད་སྟོན་བཅས་བྱས་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣ་དང་རྩལ་ནུས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་གཏོང་མཁན་ནུས་ལྡན་བྱས་ཏེ། བདག་པོའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་གིས་ལག་བསྟར་བྱེད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་གཟུགས་ལྡན་དང་ཚོར་ལྡན། ནུས་ལྡན་བཅས་ཡོང་བར་བྱེད་པ་དམིགས་འབེན་དུ་བྱས་ནས།  ལྷིང་འཇགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་བྱ་བའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། བརྩེ་སེམས་ལ་བརྟེན་ནས་ལས་བཟོ་པའི་བདེ་རྩ་དང་འབྲེལ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་སེམས་སུ་སིམ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་གཟེངས་བསྟོད་ཐོབ་པའི་ངལ་རྩོལ་དཔེ་བཟང་ཐུན་མོང་དང་། ངལ་རྩོལ་དཔེ་བཟང་མི་སྣ།  སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ། རང་རང་སོ་སོའི་ལས་གནས་སྟེང་མུ་མཐུད་དུ་འབད་འཐབ་བྱས་ཏེ་གྲུབ་འབྲས་བཟང་པོ་བསྐྲུན་པ་དང་། ཕུལ་བྱུང་གི་གཤིས་རྒྱུད་དང་དཔེ་བཟང་གི་བྱ་སྤྱོད་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་དགོས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་ལ་བརྩི་མཐོང་།  སྔོན་ཐོན་བརྩོན་ལེན་བཅས་བྱས་ཏེ།  “མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་བརྩེ་སེམས་བཅངས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་པ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངལ་རྩོལ་དཔེ་བཟང་མི་སྣ་དང་ངལ་རྩོལ་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། ངལ་རྩོལ་དཔེ་བཟང་མི་སྣའི་གཏམ་རྒྱུད་དང་། ངལ་རྩོལ་གཏམ་རྒྱུད། བཟོ་བོའི་གཏམ་རྒྱུད་བཅས་ཡག་པོར་བརྗོད་ནས། ངལ་རྩོལ་ནི་ཆེས་གཟི་བརྗིད་ལྡན་ཞིང་བླ་ན་མེད་པ་དང་། ངལ་རྩོལ་ནི་ཆེས་རླབས་ཆེ་ཞིང་མཛེས་སྡུག་ལྡན་པ་དེ་མཚོ་སྔོན་མཐོ་སྒང་གི་དར་སྲོལ་བཟང་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཐུན་མོང་དང་། ངལ་རྩོལ་དཔེ་བཟང་མི་སྣ།  སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས་སྒྲོག་འདོན་བྱས། ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། ཉི་མ་སྒྲོལ་མ། ཝང་ཧའེ་ཧུང་བཅས་གྲོས་ཚོགས་ལ་ཞུགས།

ངལ་རྩོལ་དཔེ་བཟང་ཐུན་མོང36དང་། ངལ་རྩོལ་དཔེ་བཟང་མི་སྣ52། སྔོན་ཐོན་བྱ་བ་སྒྲུབ་མཁན39བཅས་ལ་གཟེངས་བསྟོད་ཐོབ། ཚོགས་འདུར་ཞུགས་པའི་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་འཐུས་མིར་གཟི་བརྗིད་དཔང་ཡིག་གནང་བ་དང་། བྱ་དགའ་ཐོབ་པའི་འཐུས་མིས་རྒྱ་ཆེའི་ངལ་རྩོལ་པར་གྲོས་གཞི་བཏོན།

ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས།  འབྲེལ་ཡོད་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པའི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་ལ་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号