མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་སི་རི་ཡཱ་དང་ལེ་པཱ་ནུན་གྱི་བདག་དབང་ཆ་ཚང་ཡོང་བ་དང་བདེ་འཇགས་གཏན་འཇགས་ལ་རྒྱབ་སྐྱོར་བྱས།

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ཏཱ་ཝེ་ཡིས་ཚེས26ཉིན་ཁི་ཝེ་ཐི་ནས་བསྟན་དོན། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་སི་རི་ཡཱ་དང་ལེ་པཱ་ནུན་གྱི་བདག་དབང་ཆ་ཚང་ཡོང་བ་དང་བདེ་འཇགས་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་པ་དང་། དབྱི་སི་རལ་གྱི་འཇབ་རྒོལ་དང་བཙན་བཟུང་བྱ་སྤྱོད་ལ་རྒོལ་གཏམ་གཏོང་བཞིན་ཡོད་ཟེར།

ཉིན་དེར་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་ལས་འཛིན་ཚོགས་པའི་དམིགས་བསལ་གྲོས་ཚོགས་ཐེངས46པ་ཁི་ཝེ་ཐིའི་རྒྱལ་ས་ཁི་ཝེ་ཐི་ནས་བསྡུས།

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། པུའུ་ཏཱ་ཝེ་ཡིས་ཚོགས་ཐོག་ནས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོར་བཟུང་ནས་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐད་ཀར་གྲོས་མོལ་ལ་བརྟེན་ནས་བདེ་འཇགས་དང་གཏན་འཇགས། འཕེལ་རྒྱས་བཅས་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གིས་ཞི་བའི་སྒོ་ནས་དབང་ཤུགས་བརྒྱུད་སྤྲོད་བྱེད་པ་དང་མི་སེར་དཀྱུས་མའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་རིགས་འགྲིག་མཐུན་ལ་སྐུལ་འདེད་གཏོང་བ། མཚོན་ཆ་ལག་ལེན་བྱེད་པར་ཚོད་འཛིན་བྱེད་པ་སོགས་ཀྱི་ཐད་ནས་སྤྱད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས།

པུའུ་ཏཱ་ཝེ་ཡིས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་ལེ་པཱ་ནུན་གྱི་བདག་དབང་དང་བདེ་འཇགས། གཏན་འཇགས་བཅས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

པུའུ་ཏཱ་ཝེ་ཡིས་དབྱི་སི་རལ་གྱིས་ཉེ་སྔོན་སི་རི་ཡཱ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཁྱད་པར་དུ་དབྱི་སི་རལ་གྱིས་སི་རི་ཡཱའི་མཐའ་མཚམས་ས་ཁུལ་བཙན་བཟུང་བྱས་པར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། དེ་ནི་སི་རི་ཡཱའི་བདག་དབང་དང1974ལོར་དབྱི་སི་རལ་དང་སི་རི་ཡཱ་ཡིས་བཀོད་པའི་དམག་དཔུང་གི་འབྲེལ་འདྲིས་གྲོས་མཐུན་ལ་མངོན་སུམ་འཛེམ་མེད་ཀྱིས་འགལ་བ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་སི་རི་ཡཱའི་བཙན་བཟུང་བྱས་པའི་ས་ཁོངས་ནས་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་དགོས་ཟེར། དེ་ལས་གཞན་པུའུ་ཏཱ་ཝེ་ཡིས་ད་རུང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་བཟོས་པར་རྒོལ་གཏམ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号