འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཡེ་མིན་ནས་བདེ་འཇགས་ངང་ཅོར་ཏན་དུ་ཕྱིར་འཐེན་བྱས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས27ཉིན་བཤད་རྒྱུར། ཁོའི་འཐུས་ཚབ་ཚོགས་པ་ཡེ་མིན་ནས་བདེ་འཇགས་ངང་ཅོར་ཏན་དུ་ཕྱིར་འཐེན་བྱས་ཡོད་ཟེར།

ཐན་ཏི་སེ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ད་རིང་ཁ་ཚོས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་འཇབ་རྒོལ་ཐེབས་སྐབས་རྨས་ཕོག་པའི་ལས་གྲོགས་རྣམས་ཕྱིར་འཐེན་བྱས་པ་དང་། ང་ཚོ་ཅོར་ཏན་དུ་འབྱོར་ཡོད་ལ། རྨས་ཕོག་པའི་མི་སྣར་གནས་དེ་ནས་སྨན་བཅོས་གང་ལེགས་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་སྔ་དྲོར་ཐན་ཏི་སེ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། རྨས་མ་གཅིག་ལ་བདེ་བླག་ངང་གཤགས་བཅོས་བྱས་པ་དང་། མིག་སྔར་གནས་ཚུལ་གཏན་འཇགས་རེད་ཟེར།

དབྱི་སི་རལ་གྱིས་ཚེས26ཉིན་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་དང་། མི40ལ་རྨས་ཕོག སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཇབ་རྒོལ་ཐེབས་སྐབས་ཐན་ཏི་སེ་གནམ་གྲུ་ཐང་དེར་ཡོད་པ་དང་། འགས་གཏོར་ཐེབས་པའི་གནམ་གྲུ་ཐང་གི་སྒྲིག་ཆས་བར་སྨིད་འགའི་བར་ཐག་ཙམ་ལས་མེད། ཐན་ཏི་སེ་སྡོད་པའི་གནམ་གྲུ་དེའི་ལས་བྱེད་མི་སྣ་གཅིག་ལ་རྨས་ཕོག་ཡོད། ཐན་ཏི་སེ་ཡིས་ཡེ་མིན་དུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་བཀག་འཇུག་ཐེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་བཙོན་གྲོལ་གཏོང་བར་གྲོས་བསྡུར་བྱེད་པ་དང་ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ལ་དཔྱད་འཇོག་བྱེད་ཆེད་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཡེ་མིན་དང་དབྱི་སི་རལ་བར་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་སོང་བར་རྒོལ་གཏམ་བཏང་བ་དང་། དབྱི་སི་རལ་གྱིས་ཉིན་དེར་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་སོགས་ལ་བར་སྣང་འཇབ་རྒོལ་བྱས་པར་ཧ་ལས་པའི་ཚུལ་བསྟན།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号