རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར་གྲངས་འཛིན་དཔལ་འབྱོར་བརྟག་དཔྱད་མཇུག་འབྲས་ཐེངས་དང་པོ་ཁ་སྣོན་བྱས་པ།

རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར་གྲངས་འཛིན་དཔལ་འབྱོར་བརྟག་དཔྱད་མཇུག་འབྲས་ཐེངས་དང་པོ་ཇེ་མང་དུ་བཏང་། གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་སུ་བསྡོམས་པས་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན་ཁྲི291.6ཡོད་པ་དང་ལས་ཞུགས་མི་སྣ་ཁྲི3615.9ཡོད་པ་རེད། ལོ་ཧྲིལ་པོར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་དུང་ཕྱུར48.4མངོན་འགྱུར་བྱུང་།

འདི་ནི་གསར་འགོད་པས་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ཡིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཉིན་དེར་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སིའི་འགན་འཁུར་བ་ཝང་ཀོན་ཧྭ་ཡིས་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཐོག་ནས་བལྟས་ན། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་དུ་འགྱུར་བར་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། བྱེ་བྲག་ཏུ་བལྟས་ན་གཤམ་གསལ་གྱི་ཁྱད་ཆོས་འགའ་མངོན་ཡོད་པ་སྟེ།

དང་པོ། གྲངས་འཛིན་ཐོན་ལས་ཅན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། ལོ་ལྔའི་རིང་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་དང་། ཞབས་ཞུ། ཉེར་སྤྱོད་བཅས་ཀྱིས་མཚོན་པའི་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2023ལོར་རང་རྒྱལ་དུ་ཁྱོན་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན་ཁྲི291.6ཡོད་པ་དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི48.4མངོན་འགྱུར་བྱུང་བ་དེས་ཐོན་ལས་གཉིས་པ་དང་གསུམ་པའི་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན་ཡོངས་ཀྱི་ལས་གཉེར་ཡོང་འབབ་ཀྱི་བསྡུར་ཚད་ནི10.9%ཡིན།

གཉིས་པ། གྲངས་འཛིན་བཟོ་སྐྲུན་དང་གྲངས་འཛིན་བཀོལ་སྤྱོད་ཀྱི་དགེ་མཚན་མངོན་གསལ་ཡིན། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཁྲོད། གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་དུང་ཕྱུར20.5ཡིན་པ་དེས་བརྒྱ་ཆ་བཞི་ལས་བརྒལ་ཡོད། གྲངས་འཛིན་ལག་རྩལ་ཉེར་སྤྱོད་ལས་རིགས་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན་ཁྲི143ཡོད་པ་དེས་བརྒྱ་ཆ་ལྔ་ཙམ་ཟིན་ཡོད། རང་རྒྱལ་གྱི་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལེགས་ཆ་དང་གྲངས་འཛིན་ལག་རྩལ་ཉེར་སྤྱོད་ལས་རིགས་འཕེལ་རྒྱས་ཀྱི་གསོན་ཤུགས་མཚོན་ཡོད།

གསུམ་པ། ཤར་རྒྱུད་ས་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཅུང་ལེགས་པ། ས་ཁོངས་ཀྱི་ཁྱད་ཆོས་ལ་བལྟས་ན། ཤར་རྒྱུད་ས་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་བཟང་བ་དང་བཀོལ་སྤྱོད་རྣམ་པ་མང་བའི་དབང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་རྒྱལ་ཡོངས་ཀྱི་སྔོན་ཐོན་དུ་ཡོད། 2023ལོར་ཤར་རྒྱུད་ས་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན་གྱི་གྲངས་འབོར་གྱིས་རྒྱལ་ཡོངས་བསྡུར་ཚད་ཀྱི62.2%ཟིན་ཡོད་པ་དང་། ལས་གཉེར་ཡོང་འབབ་ཀྱིས་རྒྱལ་ཡོངས་བསྡུར་ཚད་ཀྱི་73.0%ཟིན་པ་དེ་དག་ཚང་མ་ས་ཁུལ་གཞན་དག་ལས་མཐོ་བ་རེད།

བཞི་པ། ཐོན་ལས་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། ཉེ་བའི་ལོ་འགའི་རིང་གྲངས་འཛིན་ལག་རྩལ་བེད་སྤྱོད་བྱས་པ་བརྒྱུད་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་ཐོན་སྐྱེད་ལས་ཕྱོད་མཐོ་རུ་གཏོང་རྒྱུ་དེ་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོད་གསར་པ་ཞིག་ཏུ་ཉིན་རེ་བཞིན་འགྱུར་བཞིན་ཡོད། 2023ལོར་གཞི་ཁྱོན་ཡན་གྱི་ཁེ་ལས47%ཡིས་སྤྲིན་རྩིས་དང་ཟོག་སྦྲེལ་དྲ་རྒྱ། མི་ཐབས་རིག་ནུས། བཟོ་ལས་དྲ་སྦྲེལ་སོགས་གྲངས་འཛིན་ལག་རྩལ་བེད་སྤྱོད་བྱས་ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号