ཝང་དབྱི་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་ཀྱི་ཚོགས་འདུ་ཐེངས་བདུན་པར་ཞུགས་པ།

ཚེས17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་བརྙན་ལམ་བརྒྱུད་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་ཀྱི་ཚོགས་འདུ་ཐེངས་བདུན་པར་ཞུགས་པ་རེད།

ཝང་དབྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ནི་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་སྲོལ་གཏོད་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་པ་དང་། སྔ་ཕྱི་བར་གསུམ་དུ་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཝང་དབྱིས་བསྟན་དོན། བདེ་འཇགས་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད། མཉམ་ལས་བརྩོན་ལེན། གཉིས་ཁེ་དོན་གཉེར་བཅས་བྱ་རྒྱུ་ནི་རྒྱལ་ཁབ་མང་ཆེ་བའི་ཁ་ཚ་དགོས་གཏུགས་ཀྱི་བསམ་འདུན་ཞིག་རེད། ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་ཚོགས་འདུ་ཡིས་དེའི་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ནས། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་། གཉིས་ཁེའི་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་བཏང་ཡོད། གཅིག་ནི་ཞི་བདེ་མཉམ་གནས་མཐའ་འཁྱོངས་ཀྱིས་ཐུན་མོང་གི་བདེ་འཇགས་དོན་གཉེར་བྱེད་པ་དང་། གཉིས་ནི“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་ནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གསུམ་ནི་དཔལ་ཡོན་སྣ་མང་ལ་བརྩི་འཇོག་བྱས་ནས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། བཞི་ནི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་གཏོད་དགོས།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པའི་དེང་རབས་ཅན་ཞིག་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་པོ་སྤྲད་པའི་དེང་རབས་ཅན་ཞིག་རེད། ཀྲུང་གོས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་ཚོགས་འདུའི་ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་རོགས་ལས་མཐའ་འཁྱོངས་དང་ལག་གདང་སྦྲེལ་ནས། གཉིས་ཁེ་འཕེལ་རྒྱས་ཀྱི་ཨེ་ཤེ་ཡའི་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་འདོད་ཡོད།

ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ནུའུ་ཨེར་ཐེ་ལེ་ཝུའུ་ཡིས་ཨེ་ཤེ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱ་ཐབས་ཚོགས་འདུའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་ལོ་གཉིས་རིང་ལས་དོན་བསྒྲུབས་པའི་གནས་ཚུལ་དང་། གསར་དུ་བསྐོ་གཞག་བྱས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཨ་སའེ་བྷེ་ཅང་གི་ཕྱི་འབྲེལ་པུའུ་ཀྲང་པ་དབྱི་ལ་མོ་ཧྥུའུ་ཡིས་རྗེས་ཕྱོགས་ཀྱི་གཙོ་གནད་བསམ་གཞིག་སྐོར་བརྡ་ཁྱབ་བཏང་བ་རེད། ཕྱོགས་སོ་སོས་ཨེ་ཤེ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱ་ཐབས་ཚོགས་འདུའི་ཁོངས་མིའི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་། འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཨེ་ཤེ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱ་ཐབས་ཚོགས་འདུའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྩ་འཛུགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་ལག་གདང་སྦྲེལ་ནས། འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས།  ཕྱོགས་སོ་སོས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི་འབྲེལ་མཐུད་སྔར་བས་ཡག་པོ་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་ཏེ། ས་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་དབར་ཕན་ཚུན་ཤེས་རྟོགས་ཐུབ་ཚད་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པར་བསྟན།

ཚོགས་འདུའི་ཐོག་ཡིད་ཆེས་བྱ་ཐབས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号