མཚོ་ལྷོ་ཁུལ་གྱིས་གནམ་གཤིས་རིགས་ཀྱི་སྲིད་གཞུང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་དང་པོ་དངོས་སུ་བཏོན།

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྟེ་མཚོ་ལྷོ་ཁུལ་གྱི་གནམ་གཤིས་ལྟ་ཞིབ་སྒྲིག་ཆས་སྤྱི་འདོམས་འཆར་འགོད་འཛུགས་སྐྲུན་དང་ཐོན་ཁུངས་མཉམ་སྤྱོད་དོ་དམ་བྱེད་ཐབས་པར་འགྲེམས་བྱས་པ་དང་། འདི་ནི་མཚོ་ལྷོ་ཁུལ་གྱི་གནམ་གཤིས་རིགས་ཀྱི་སྲིད་གཞུང་གི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་དང་པོ་རེད། དོ་དམ་བྱེད་ཐབས་པར་འགྲེམས་བྱས་པ་དེས་མཚོ་ལྷོ་ཁུལ་གྱིས་གནམ་གཤིས་ལས་རིགས་ཀྱི་ལྟ་ཞིབ་སྒྲིག་ཆས་མཉམ་སྐྲུན་དང་ལྟ་ཞིབ་རྒྱུ་ཆ་མཉམ་སྤྱོད་ལ་ཤུགས་སྣོན་པའི་ལེའུ་གསར་བ་འབྲི་འགོ་བརྩམས།

དོ་དམ་བྱེད་ཐབས་ལས་སྲིད་འཛིན་ལས་ཁུངས་དང་། རྒྱལ་དབང་ཁེ་ལས། རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ཀྱིས་འཛུགས་སྐྲུན་བྱས་པའི་གནམ་གཤིས་ལྟ་ཞིབ་སྒྲིག་ཆས་ངེས་པར་དུ་ཁུལ་གནམ་གཤིས་ཅུའུ་ལ་ཡར་ཞུ་བྱེད་པར་མ་ཟད་ལྟ་ཞིབ་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། ཁུལ་གནམ་གཤིས་ཅུའུ་ཡིས་སྣེ་ཁྲིད་པ་དང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཅོ་ལྔ་ཁོངས་གཏོགས་ལས་ཁུངས་ཡིན་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས། སྡེ་ཁག་བར་གྱི་གནམ་གཤིས་ལྟ་ཞིབ་དྲ་ཚིགས་ཀྱི་སྤྱི་འདོམས་འཆར་འགོད་དང་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། ཁོངས་གཏོགས་ལས་ཁུངས་མཉམ་འབྲེལ་སྒོས་གནམ་གཤིས་ལྟ་ཞིབ་སྒྲིག་ཆས་དང་གནམ་གཤིས་ལག་རྩལ་ཆེད་སྤྱོད་སྒྲིག་བཀོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ལས་རིགས་ཀྱི་གནམ་གཤིས་ལྟ་ཞིབ་སྒྲིག་ཆས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་འབྱུང་དགོས་པ་གཏན་འཁེལ་གསལ་བོ་བྱས།

མཚོ་ལྷོ་ཁུལ་གནམ་གཤིས་ཅུའུ་ཡིས་དོ་དམ་བྱེད་ཐབས་དེ་གཞི་འཛིན་ས་བྱས་ནས། ལས་རིགས་ཀྱི་གནམ་གཤིས་ལྟ་ཞིབ་སྒྲིག་ཆས་ཀྱི་སྤྱི་འདོམས་དོ་དམ་ལ་ཤུགས་སྣོན་པ་དང་། གནམ་གཤིས་ལྟ་ཞིབ་གཞི་གྲངས་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་གནམ་གཤིས་ཀྱི་ཞབས་ཞུའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་རྒྱུ་རེད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号