ཞི་ཅིན་ཕིང་གིས་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གསར་དུ་བསྐོས་པའི་གཞུང་ཚབ་པས་ཕུལ་བའི་རྒྱལ་ཡིག་དང་ལེན་མཛད།
ཟླ12པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཉེར་བརྒྱད་ཀྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་མཛད། མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་རྣམས་ལ་གསུང་བཤད་གནང་བའི་ཚུལ།
ཟླ12ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་སྡོད་པའི་གཞུང་ཚབ་པ28ཀྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་མཛད།
མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་ལོགས་གཉིས་སུ་དབྱེ་ནས་དུང་བརྡ་བཏང་། གཞུང་ཚབ་པ་རྣམས་སྔ་གཞུག་ཏུ་སླེབས་ཤིང་། ཁོ་ཚོ་དཀར་མདོག་གི་ཐེམ་སྐས་བརྒྱུད་ནས་རིམ་པ་ལྟར་མདུན་དུ་བསྐྱོད།
《རྒྱལ་ཁམས་ཅི་འདྲའི་རྔམ་བརྗིད་ཆེའང》ཞེས་པའི་ལྡེབས་རིས་ཧ་ཅང་ཆེན་པོ་ཞིག་གི་མདུན་དུ། ཞི་ཅིན་ཕིང་གིས་སོ་སོར་གཞུང་ཚབ་པ་རྣམས་ཀྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་མཛད་པར་མ་ཟད། ཁོང་ཚོ་དང་མཉམ་དུ་པར་བསྐྱོན་པ་རེད།
ཁོ་ཚོ་ནི། ཀྲུང་གོར་སྡོད་པའི་ཧོ་ལན་གྱི་གཞུང་ཚབ་པ་ཧོ་ཧྲི་པོ་དང་། མོ་རོ་ཁོའི་གཞུང་ཚབ་པ་ཨན་ས་ལི། ཁམ་ཕུ་ཁྲེའི་གཞུང་ཚབ་པ་སུང་ཅ་ཝེ། མཱ་ཆི་ཏུན་བྱང་མའི་གཞུང་ཚབ་པ་ན་སེ་ཧྥུ། ཀི་ལུའུ་ཇི་ཡའི་གཞུང་ཚབ་པ་ཁ་ལན་ཏ་ཙེ། སི་ཕེན་གྱི་གཞུང་ཚབ་པ་པེ་ཐེན་སུའོ་སི། ཨ་ཀེན་ཐིན་གྱི་གཞུང་ཚབ་པ་མཱ་ཀྲི་ཡོན། ཐེ་གོའི་གཞུང་ཚབ་པ་ཧན་ཚན་ཚའེ། སེ་ཕུའུ་ལུའུ་སིའི་གཞུང་ཚབ་པ་ལཱ་ཉི་ཏུའུ། སི་རུ་ལན་ཁའི་གཞུང་ཚབ་པ་མཱ་ཅིན་ཏ། མར་ཏེ་ཝེའི་གཞུང་ཚབ་པ་ཧྥ་ཙེ་འར། མ་ལི་ཡི་གཞུང་ཚབ་པ་ཏ་ཝུའུ། ལ་ཐོ་ཝེ་ཡའི་གཞུང་ཚབ་པ་ཨའེ་ཧིན་པའོ་མུའུ་སི། ཏན་མག་གི་གཞུང་ཚབ་པ་ཁུང་མོ་ཁི། ཨེ་ཨར་ལན་གྱི་གཞུང་ཚབ་པ་ཨོའུ་པོ་རེན། ཙམ་པ་ཝེའི་གཞུང་ཚབ་པ་ཧྲའོ་ཉི་ཝ། མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་པ་ཨེན་ཧོ་པའོ་ལེ་ཏེ། ནོར་ཝེའི་གཞུང་ཚབ་པ་ཏེ་ཝུའེ་ཨེན། ནོ་ལུའུ་ཡི་གཞུང་ཚབ་པ་ཅེ་ལི་མེ་ཡ། ཧྥིན་ལན་གྱི་གཞུང་ཚབ་པ་མིན་ཁའེ། ཧོས་ཧྲན་གྱི་གཞུང་ཚབ་པ་ པུའུ་ལ་ཐོ་ཝེ་ཆི། སར་ཝ་ཏོལ་གྱི་གཞུང་ཚབ་པ་ལུའོ་ཕེ་སི། སི་ལོ་ཝེ་ནི་ཡའི་གཞུང་ཚབ་པ་མ་པོ་དབྱང་། ཝེ་ནི་ཙུའེ་ལའི་གཞུང་ཚབ་པ་སའེ་ཝ་ལེ་སི། ཀྲ་ཏིའི་གཞུང་ཚབ་པ་ཨ་པཱ་ཁ་ཨར། སོ་མ་ལིའི་གཞུང་ཚབ་པ་ཧི་ཏན། ནེ་པ་ལའི་གཞུང་ཚབ་པ་ཨོ་ལིས། བྷང་ག་ལའི་གཞུང་ཚབ་པ་ན་ཚི་མུའུ་ཨར་སོགས་རེད།
མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་རྣམས་ལ་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་གཞུང་ཚབ་པ་རྣམས་ཀྲུང་གོར་ཕེབས་ནས་ལས་འགན་སྒྲུབ་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་སྨོན་འདུན་བཟང་པོ་ཞུ་བ་བརྒྱུད་སྒྲོག་གནང་རོགས་མཛད། ཀྲུང་གོ་སྲིད་གཞུང་གིས་གཞུང་ཚབ་པས་འགན་འཁྲི་སྒྲུབ་པར་སྟབས་བདེ་དང་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལོ་རྒྱུས་ཡུན་རིང་ཞིང་མངའ་ཁོངས་རྒྱ་ཆེ་བས། གཞུང་ཚབ་པ་རྣམས་ཀྲུང་གོའི་ས་གནས་སོ་སོར་གཟིགས་སྐོར་དུ་ཕེབས་པ་དང་། ཀྲུང་གོའི་མི་དམངས་ཀྱི་སེམས་འདུན་ལ་གསན་ཏེ། འདས་པའི་ཀྲུང་གོ་དང་། ད་ལྟའི་ཀྲུང་གོ མ་འོངས་པའི་ཀྲུང་གོ་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ཀྲུང་གོའི་དུས་རབས་ཀྱི་རྣམ་པ་དང་། འཕེལ་རྒྱས་ཀྱི་བགྲོད་ལམ། མདུན་སྐྱོད་ཀྱི་ཁ་ཕྱོགས་བཅས་ཕྱི་རོལ་དང་མཐུན་པར་མཚོན་པར་བྱས་ནས། ཀྲུང་གོ་དང་འཛམ་གླིང་བར་དུ་འགྲོ་འོང་གི་ཟམ་པ་འཛུགས་མཁན་དང་། མཉམ་ལས་ཀྱི་སྐུལ་འདེད་གཏོང་མཁན། མཛའ་བཤེས་ཀྱི་རྒྱུན་འཛིན་མཁན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་རེ་བ་བཅངས་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་རེད། ལོ་ངོ་དོན་ལྔའི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་བ་ལེགས་པོར་བསྒྲུབས་པར་མ་ཟད་མདུན་ལྗོངས་སྔར་ལས་ཡངས་པོ་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་པ་དང་། བཅོས་སྒྱུར་བྱེད་ཐབས་གལ་ཆེན་སུམ་བརྒྱ་ལྷག་བཏོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོས་ཐབས་མཁས་རང་སྲུང་བྱེད་པའི་དེང་རབས་ཅན་མིན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོར་ཀྲུངགོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱེད་པ་དང་། ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་མངོན་འགྱུར་འབྱུང་བར་ལག་རྡང་སྦྲེལ་ནས་འབད་འཐབ་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་དུས་རབས་འདི་ས་ཁུལ་གྱི་རྡུང་གཏུག་དང་ཕྱོགས་རྐྱང་སྤྱོད་ངན། སྲུང་སྐྱོབ་རིང་ལུགས་དང་། ནམ་ཟླའི་འགྱུར་ལྡོག་སོགས་འགྲན་སློང་དང་ཉེན་ཁ་ཚབས་ཆེན་ལ་འཕྲད་ཡོད་པས། རྒྱལ་ཁབ་སོ་སོས་མཉམ་དུ་འགུལ་སྤྱོད་སྤེལ་དགོས། ལོ་རྒྱུས་གསར་བའི་བཞི་མདོར་འགྲེང་ནས། རྒྱལ་ཁབ་སོ་སོས་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཉམས་མྱོང་དང་བསླབ་བྱ་སྡུད་ལེན་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་སྔར་ལས་ཆེན་པོ་གཅིག་སྡུད་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་བརྟན་བརླིང་དང་། ཧུར་བརྩོན། ཡར་ཐོན་བཅས་ཀྱི་སྟོབས་ཤུགས་ཡིན་པའི་ཆ་ནས། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ནས། རྒྱལ་ཁབ་སོ་སོ་དང་མཉམ་དུ་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་བསྟར་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注