ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
ཟླ12ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་མ་ཟད། རང་ཞིང་གི་ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་མར་ཁེ་སིའི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་འགོད་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ནང་མར་ཁེ་སིའི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུནབཟོ་འགོད་ཀྱི་གོ་གནས་དང་ནུས་པ་རྒྱས་བཤད་ཟབ་མོ་གནང་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པ་རྩ་བའི་ལས་འགན་དུ་བཟུང་སྟེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ནས། ཏང་གི་གསར་བཏོད་གཞུང་ལུགས་སྔར་ལས་ལེགས་པར་མི་སེམས་སུ་སིམ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་གཞི་ཚུགས་ཏེ། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་དང་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཏང་གི་གསར་བཏོད་གཞུང་ལུགས་ཚན་རིག་དང་མཐུན་པའི་འཆད་འགྲེལ་དང་། རིག་གཞུང་ཅན་གྱི་གསལ་བཤད། མ་ལག་ཅན་གྱི་སྒྲིག་འཛུགས་བཅས་ལ་ཤུགས་བསྣན་ནས། ཏང་གི་གཞུང་ལུགས་གསར་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། དུས་རིམ་གསར་པའི་ལས་འགན་དང་བླང་བྱར་དམིགས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་ཟུང་འབྲེལ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་ལས་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས། གཡུལ་སའི་ལས་སྟེགས་དང་། ཤེས་ལྡན་མི་སྣའི་དཔུང་སྡེ། སློབ་གསོ་སློབ་ཁྲིད། རིག་གཞུང་ཚན་ཁག་མ་ལག་བཅས་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བཅོས་སྐྱོང་ཐད་ཀྲུང་གོའི་འདོད་བློ་རྒྱས་བཤད་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་བ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱ་ཆེན་པོ་དང་འཛམ་གླིང་གི་བློ་རྒྱ་ཆེན་པོ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་ནང་གཉིས་ཀྱི་སྒོ་འབྱེད་ཀྱི་ཕན་འབྲས་སྔར་ལས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注