རྒྱལ་སྤྱིའི་སླར་སྐྱེས་ནུས་ཁུངས་ཧྲུའུ་ཡི་སྤྱིའི་ལས་འཛིན་པ་ཧྥོ་ལེང་ཞིས་སི་ཁོ·ལཱ·ཁ་མེ་ལཱ་སོགས་ཀྱིས་མཚོ་སྔོན་དུ་འཚམས་འདྲི་བྱས།

 ཟླ10ཚེས30ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཟི་ལིང་དུ་རྒྱལ་སྤྱིའི་སླར་སྐྱེས་ནུས་ཁུངས་ཧྲུའུ་ཡི་སྤྱིའི་ལས་འཛིན་པ་ཧྥོ་ལེང་ཞིས་སི་ཁོ·ལཱ·ཁ་མེ་ལཱ་སོགས་ལ་ཐུག་འཕྲད་བྱས།

ཝང་ལིན་ཧུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཧྥོ་ལེང་ཞིས་སི་ཁོ·ལཱ·ཁ་མེ་ལཱ་སོགས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ནུས་ཁུངས་གཙང་མ་དང་སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་ནུས་ཁུངས་ཕྱོགས་སྒྱུར་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། རྒྱལ་སྤྱིའི་སླར་སྐྱེས་ནུས་ཁུངས་ཧྲུའུ་དང་བརྗེ་རེས་དང་མཉམ་ལས་བྱེད་པར་སྔར་ལས་ཤུགས་བསྣན་ནས། མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་གཏོད་ཆེད་མཉམ་དུ་འབད་བརྩོན་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཧྥོ་ལེང་ཞིས་སི་ཁོ·ལཱ·ཁ་མེ་ལཱ་ཡིས་མཚོ་སྔོན་གྱིས་སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་ཁྲོད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས།  ཁོས་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་ལས་དང་བརྗེ་རེས་བྱས་པ་བརྒྱུད། ཀྲུང་གོ་དང་དེ་མིན་མཚོ་སྔོན་གྱི་ནུས་ཁུངས་གཙང་མ་དང་སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཉམས་མྱོང་དེ་མཉམ་ལས་ལམ་སྲོལ་ཁྲོད་བཞག་ནས། འཛམ་གླིང་ལ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་གཏོང་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་མཉམ་དུ་འབད་བརྩོན་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཐུག་འཕྲད་བྱས་རྗེས། རྒྱལ་སྤྱིའི་སླར་སྐྱེས་ནུས་ཁུངས་ཧྲུའུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་ཀྲུང་གོ་དང་རྒྱལ་སྤྱིའི་སླར་སྐྱེས་ནུས་ཁུངས་ཧྲུའུ་མཉམ་ལས་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ《སླར་སྐྱེས་ནུས་ཁུངས་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་དང་ཕན་འབྲས་ཀྱི་གྲོས་གཞིར་ཞིབ་འཇུག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མིང་རྟགས་བཀོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号