ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཞིས་ཧ་མོ་ཉི་ཁྲིར་བཞུགས་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཟླ10པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་རྒྱལ་པོ་ཞིས་ཧ་མོ་ཉི་ཁྲིར་བཞུགས་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་པོ་ཞིས་ཧ་མོ་ཉི་ཁྲིར་བཀོད་པ་ནས་བཟུང་། ཁམ་ཕུ་ཁྲེའི་ཞི་བདེ་བརྟན་བརླིང་དང་། འཕེལ་རྒྱས་དར་སྤེལ། རྒྱལ་སྤྱིའི་འགྲོ་འོང་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་རྒྱུར་ཡུན་རིང་འབད་བརྩོན་བྱས་ཡོད། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་དེ་སྤུས་ཚད་མཐོ་བ་དང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་བའི་དུས་རབས་གསར་པར་སླེབས་ནས། ཕྱོགས་མང་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་གཏིང་ཟབ་དང་འཕེལ་རྒྱས་བྱུང་བ་དང་། “བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་དང་འབྲས་ཀྱི་བར་ཁྱམས”འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ལ། “ཀྲུང་གོ་དང་ཁམ་ཕུ་ཁྲེའི་མི་གཞུང་རིག་གནས་བརྗེ་རེས་ལོའི”བྱ་བ་ཡག་པོ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འབྲས་དངོས་ཐོབ་ཏུ་འཇུག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱེད་མཁན་གྱི་བློས་ཐུབ་གྲོགས་པོ་ཡིན། ངས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་ལ། ཁམ་ཕུ་ཁྲེའི་རྒྱལ་རྒྱུད་བར་གྱི་སྲོལ་རྒྱུན་མཛའ་བརྩེའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་པོ་ཞིས་ཧ་མུའུ་ཉི་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་འདོད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注