ཙན་པི་ཡ་རྒྱལ་དམངས་གྲོས་ཁང་གི་འཐུས་མི་ཚོགས་པས་མཚོ་སྔོན་དུ་འཚམས་འདྲི་བྱས།
ཟླ10ཚེས28ཉིན་ནས་ཚེས29ཉིན་བར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གདན་དྲངས་བ་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཙན་པི་ཡ་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ནེ་ལེ·མུའུ་ཏི་བཅས་པ་མཚོ་སྔོན་དུ་ཡོང་ནས་འཚམས་འདྲི་བྱས།
མཚོ་སྔོན་དུ་འཚམས་འདྲི་བྱེད་སྐབས། འཐུས་ཚབ་ཚོགས་པས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ནས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། ཐེན་ཧོ་འོད་ནུས(མཚོ་སྔོན)ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཟས་རིགས་ཚད་ཡོད་ཀུང་སི་སོགས་ལ་ལྟ་སྐོར་བྱས་པ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། ལས་བྱེད་པ་དང་མང་ཚོགས་དང་བརྗེ་རེས་བྱས།
གྲོས་དཔོན་མུའུ་ཏི་ཡིས་བསྟན་དོན། མཚོ་སྔོན་ནས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མཚོ་སྔོན་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་བརྩེ་ཟབ་མོ། “ཞི་བདེ་དང་འཕེལ་རྒྱས”ཞེས་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོའི་འོག་གི་ཀྲུང་གོ་དང་ཙན་པི་ཡའི་མཉམ་ལས་ཀྱི་མདུན་ལྗོངས་བཅས་དངོས་སུ་ཚོར་ཐུབ་པ་བྱུང་། མཚོ་སྔོན་དང་ནུས་ཁུངས་གཙང་མ་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་དང་། མི་སྣ་འགྲོ་འོང་སྔར་ལས་དམ་ཟབ། ཕན་ཚུན་ཡིད་ཆེས་དང་མཛའ་བཤེས་ཟབ་སྤེལ། དཔལ་འབྱོར་གཉིས་ཕན་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་མངོན་འགྱུར། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་གོ་སྐབས་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རེ་བ་བཅངས་ཡོད།
ད་ལོ་ནི་ཀྲུང་གོ་དང་ཙན་པི་ཡ་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་ཡིན། མཚོ་སྔོན་ཞིང་ཆེན་གྱིས་ཙན་པི་ཡ་ས་གནས་སྲིད་གཞུང་བར་གྱི་མི་སྣ་ཕན་ཚུན་ལ་འཚམས་འདྲི་བྱེད་པ་དང་། དཔལ་འབྱོར་ཉོ་འཚོང་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལ་སྐུལ་འདེད་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་འདོད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注