མཚོ་སྔོན་གྱིས་བྱེད་ཐབས་བཏོན་ནས་དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་འཛུགས་བྱ་བར་ཤུགས་བསྣན།

ཞིང་ཆེན་ཡོངས་ཀྱི་དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་འཛུགས་བྱ་བར་ཤུགས་སྣོན་ཆེད། ཉེ་ཆར། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ལ་མཉམ་འབྲེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་འཛུགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་འགའ་བཏོན་ཞིང་། སུས་འགན་ཁུར་བ་དང་ཇི་ལྟར་རྩ་འཛུགས་བྱེད་པ། སྟོབས་ཤུགས་ཞན་པ། བྱེད་ནུས་འདོན་པ་བཅས་ཀྱི་གནད་དོན་བཞིར་དམིགས་ནས་གནད་འཁེལ་ཇུས་འདོན་བྱས་པ་དང་། ཞིབ་ཕྲའི་བྱེད་ཐབས་བཅུ་དྲུག་གཏན་འཁེལ་གསལ་བོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཏང་གི་གསར་དར་ཁྱབ་ཁོངས་ཀྱི་འབོད་སྐུལ་ནུས་པ་དང་། གཅིག་སྡུད་ནུས་པ། ཤུགས་རྐྱེན་ཐེབས་ནུས་བཅས་ལ་ཤུགས་སྣོན་བྱས།

བྱེད་ཐབས་ལས། དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་འཛུགས་བྱ་བར་སྐུལ་འདེད་གཏོང་བའི་འགན་ནུས་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་རིགས་ཀྱི་ཕྱོགས་བསྡུས་ཏང་ཨུ་དང་། ཁེ་ལས་ཆུང་གྲས་དང་སྒེར་གཉེར་ཚོང་ཁང་། ཆེད་ལས་ཁྲོམ་ར་བཅས་ཀྱི་ཕྱོགས་བསྡུས་ཏང་ཨུའི་གྲས་སུ་འཇོག་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་གི་ཁེ་ལས་ཆུང་གྲས་དང་སྒེར་གཉེར་ཚོང་ཁང་། ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་འཛུགས་བྱ་བའི་མཛུབ་སྟོན་ས་ཚིགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། སྲང་ལམ་སྡེ་ཁུལ་གྱི་ཏང་རྩ་འཛུགས་དང་མཉམ་དུ་དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་འཛུགས་བྱ་བ་ལེགས་པོར་བསྒྲུབ་པར་མ་ཟད། ཁེ་ལས་སྟེགས་བུའི་མཉམ་འབྲེལ་ཁེ་ལས་དང་མཉམ་ལས་ཁེ་ལས། དྲ་གནས་ས་ཚིགས་སོགས་ལས་སྒོའི་སྦྲེལ་མཐུད་བརྒྱུད་ནས་ཏང་རྩ་འཛུགས་ཕྱོགས་ཡོངས་ལ་ཁེབས་པར་སྐུལ་འདེད་གཏོང་དགོས། གནས་སྐབས་སུ་ཏང་རྩ་འཛུགས་བྱེད་པའི་ཆ་རྐྱེན་མེད་པའི་མཉམ་འབྲེལ་ཁེ་ལས་དང་མཉམ་ལས་ཁེ་ལས། དྲ་གནས་ས་ཚིགས་བཅས་ཀྱིས་ཏང་འཛུགས་བྱ་བའི་མཛུབ་སྟོན་པ་འདེམ་མངགས་བྱེད་པ་དང་། ཚོགས་པའི་རྩ་འཛུགས་ལ་སྐུལ་འདེད་གཏོང་བ། ཏང་ཡོན་འཕེལ་རྒྱས་བྱ་བ་ལེགས་པོ་བསྒྲུབ་པར་གཞོགས་འདེགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་གི་བྱ་བའི་ཁེབས་ཚད་རྒྱ་ཇེ་ཆེར་གཏོང་དགོས་པ་བཅས་གཏན་འཁེལ་བྱས།

དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་དོ་དམ་ཞབས་ཞུ་དང་ཁེ་ཕན་འགན་སྲུང་སོགས་ཀྱི་ཞན་ཆར་དམིགས་ཏེ། བྱེད་ཐབས་ལས། ཚོང་ལས་དྲ་གནས་དང་ཏང་འཛུགས་ཞབས་ཞུའི་ཁུལ་སོགས་གནས་ཡུལ་ལ་བརྟེན་ནས། དྲོད་སྐྱིད་ངལ་གསོའི་ས་ཚིགས་དང་དྲོད་སྐྱིད་ཟ་ཁང་ལུགས་མཐུན་སྒོས་འཛུགས་པར་མ་ཟད། དྲོད་སྐྱིད་ཚོང་ཁང་སྐོར་ཞིག་གི་མིང་བྱང་བཀལ་ཏེ། དྲ་ཐོག་དུས་བཅད་སྐྱེལ་ལེན་པར་ཁོམ་གསེང་སྐབས་སུ་སློབ་སྦྱོང་དང་ངལ་གསོ། བཟའ་འཐུང་། གློག་གསོག་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། བསམ་ཚུལ་བསྡུ་ལེན་དང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་འཛུགས་བྱ་བའི་ཁྱད་ཆོས་ཀྱི་ཚོང་རྟགས་བསྐྲུན་དགོས། དེ་དང་མཉམ་དུ། དྲ་ཐོག་དུས་བཅད་སྐྱེལ་ལེན་པའི་ཏང་ཡོན་རྣམས་ཀྱིས་ལས་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། སྤུས་ལེགས་ཞབས་ཞུ་འདོན་སྤྲོད་དང་། སྒྲིག་སྲོལ་ལས་རིམ་བརྩི་སྲུང་། ལས་རིགས་ཁྲོད་ཟབ་ཞུགས་བྱེད་པ་དང་གཞི་རིམ་བཅོས་སྐྱོང་སོགས་ཕྱོགས་ཀྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号