ཕུའུ་ཅིན་དང་ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཁ་པར་གྲོས་མོལ་བྱས།

ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས28ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་འདོན་བྱས་པ་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་མཉམ་དུ་ཨ་སེ་པེད་ཅང་གི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧཱ་སག་སི་ཐན་ནུབ་ཕྱོགས་ཀྱི་ཨ་ཁི་ཐའོ་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་བའི་དོན་རྐྱེན་ཐད་ནས་ཁ་པར་གྲོས་མོལ་བྱས།

བསྒྲགས་པ་ལྟར་ན། སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུ་དེའི་ནང་ཨུ་རུ་སིའི་སྤྱི་དམངས་དང་ཧཱ་སག་སི་ཐན་གྱི་སྤྱི་དམངས་ཡོད། ཕུའུ་ཅིན་དང་ཁཱ་ཐའོ་ཡེ་ཧྥུའུ་གཉིས་ཀྱིས་དོན་རྐྱེན་དེའི་ཐད་ནས་ཕན་ཚུན་ལ་འཚམས་འདྲི་བྱས། ཧཱ་སག་སི་ཐན་སྲིད་གཞུང་གིས་དོན་རྐྱེན་དེའི་བྱེ་བྲག་གི་དོན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པར་མ་ཟད། ཨུ་རུ་སི་དང་ཨ་སེ་པེད་ཅང་། པཱ་ཞི་སོགས་རྒྱལ་ཁབ་ཀྱི་ཆེད་མཁས་པ་གདན་དྲངས་ནས་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་ནས་རྙེད་པའི་འཕུར་སྐྱོད་ཟིན་ཐོའི་མ་ལག་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ལ། ཧཱ་སག་སི་ཐན་གྱི་མངའ་ཁོངས་ནས་སྤེལ་བཞིན་པའི་བྱ་བ་དེ་དངོས་ཡོད་དང་མཐུན་ཞིང་མངོན་གསལ་ཡིན་པ་རེད།

ཕུའུ་ཅིན་དང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ད་རུང་བསྟན་དོན། ཕྱོགས་གཉིས་ཀྱིས་རྟོག་ཞིབ་བྱེད་པའི་འབྲེལ་ཡོད་གནས་ཚུལ་དང་ཨུ་རུ་སི་དང་ཧཱ་སག་སི་ཐན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་བྱེད་པ་སོགས་ཀྱི་ཐད་ནས་དུས་རྒྱུན་དུ་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号