མཚོ་སྔོན་གྱིས་རུ་ཁག་གཉིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱིས་སྨན་སྤྱོད་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱས།

ཟླ10པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་གནས་ཚུལ་བསྒྲགས་པ་ལྟར་ན། གཞི་རིམ་གྱི་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཞི་རིམ་གྱི་སྨན་རྫས་བདེ་འཇགས་དོ་དམ་ལས་རོགས་པ་དང་ཆ་འཕྲིན་པའི་རུ་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་དང་གཞི་རིམ་གྱི་སྨན་རྫས་བདེ་འཇགས་བཅོས་སྐྱོང་གཉིས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ཞིང་། ལྟ་སྐུལ་དོ་དམ་གྱི་ཁྱབ་རྒྱ་ཇེ་ཆེར་བཏང་ལ། ལྟ་སྐུལ་དོ་དམ་གྱི་དྲ་རྒྱ་ཚགས་དམ་པོ་བཟོས་ཏེ། ས་ཁུལ་གྱི་སྲིད་གཞུང་གིས་མཐོང་ཆེན་བྱེད་ཅིང་། ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྣེ་ཁྲིད་བྱེད་པ། ཨུ་ཡོན་གཉིས་ཀྱིས་མཐུན་སྦྱོར་སྐུལ་ཁྲིད་བྱེད་པ། མང་ཚོགས་ཧུར་ཐག་གིས་ཟབ་ཞུགས་བྱེད་པ་བཅས་ཀྱི་གཞི་རིམ་གྱི་སྨན་རྫས་བདེ་འཇགས་མཉམ་བསྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་བྱ་བའི་རྣམ་པ་བཙུགས་ནས། མང་ཚོགས་ཀྱིས་སྨན་སྤྱོད་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱས།

ཞིང་ཆེན་ཡོངས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཞི་རིམ་གྱི་ཨུ་ཡོན་གཉིས་ཀྱི་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས། སྡེ་བའི་འཕྲོད་བསྟེན་ཁང་སོགས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་གསོ་བ་རིག་པ་དང་སྨན་རྫས་རིག་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཨུ་ཡོན་གཉིས་ཀྱི་བརྡ་གཏོང་བ་དང་ལྟ་སྐུལ་བའི་ནུས་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཨུ་ཡོན་གཉིས་ཀྱི་རུ་ཁག་གིས་གཞི་རིམ་སྨན་རྫས་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་མཐོང་བའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་ཆེད། གྲོང་ཁྱེར་དང་ཁུལ་སོ་སོས་མི་སྣ་དངོས་འབེབས་དང་གསབ་སྦྱོང་དངོས་འབེབས། འགན་འཁྲི་དངོས་འབེབས་བཅས་རྒྱུན་འཁྱོངས་བྱས་ཤིང་། ཆེད་དོན་གསབ་སྦྱོང་དང་ལག་ལེན་དངོས་སྦྱོང་། བྱ་བའི་ཚོམས་ཀྱི་ལས་སྒོ་བརྗེ་རེས་དང་དྲི་བ་དྲིས་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་ལས་སྒོའི་ནུས་པ་ལེགས་པ། བྱ་བའི་ཕན་འབྲས་ལེགས་པའི་ཨུ་ཡོན་གཉིས་ཀྱི་རུ་ཁག་འཛུགས་སྐྲུན་བྱས་ཏེ།  ཡུལ་ཚོ་དང་གྲོང་རྡལ། ཞིང་སྡེ་བཅས་ཀྱི་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་དྲ་རྒྱ་བསྐྲུན།

གཞི་རིམ་ལྟ་སྐུལ་དོ་དམ་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་པ་དང་། སྨན་རྫས་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་། ཆ་འཕྲིན་སྙན་ཞུ། དྲིལ་སྒྲོག་སློབ་གསོ། ཁྲིམས་བསྟར་གཞོགས་འདེགས་སོགས་ཀྱི་ཕྱོགས་ལ་གཞིགས་ནས། ཨུ་ཡོན་གཉིས་ཀྱི་བྱ་བའི་ལས་འགན་གཏན་འཁེལ་གསལ་བོ་བྱས་ཤིང་། འགན་སྒྲུབ་ལ་གཞི་འཛིན་ས་ཡོད་པ་དང་ཚད་གཞི་ཡོད་པར་བྱས་ཏེ། མཇུག་མཐའི་བྱ་བར་ཤུགས་བསྣན་ཅིང་མཇུག་མཐའི་ཕན་ནུས་ཐོན་པར་བྱས།  ཨུ་ཡོན་གཉིས་ཀྱི་རུ་ཁག་གིས་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་པ་དང་མཉམ་དུ། ཨུ་ཡོན་གཉིས་ཀྱི་རུ་ཁག་འཛུགས་སྐྲུན་བྱེད་པ་དེ་གཞི་འཛིན་ས་བྱེད་ཅིང་། དྲིལ་སྒྲོག་ཁྲིད་སྟོན་དེ་ཐེག་གནས་སུ་བྱས་ཏེ། སྨན་རྫས་བདེ་འཇགས་དོ་དམ་དེ་ཨུ་ཡོན་གཅིག་གིས་དོ་དམ་བྱེད་པ་ནས་ཕྱོགས་མང་བཅོས་སྐྱོང་ལ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་ཞིང་། སྨན་རྫས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པ་དང་། གཏུག་བཤེར་ཐེར་འདོན་དང་ཆ་འཕྲིན་སྤྱི་བསྒྲགས། ལས་རིགས་རང་གཅུན། གླེང་ཕྱོགས་ལྟ་སྐུལ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་ལ། ལྟ་སྐུལ་དྲ་རྒྱ་དེ་ཨུ་ཡོན་གཉིས་ཀྱི་རུ་ཁག་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་པར་བྱས་ཏེ། སྨན་རྫས་ལྟ་སྐུལ་དོ་དམ་གྱི་མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号