ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་སྔ་རྗེས་སུ་བསྡུས།

ཟླ10ཚེས22ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུར་སྔ་རྗེས་སུ་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་དང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ། ཀྲུང་གོའི་རྒྱལ་སྤྱིའི་མཛའ་མཐུན་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་བཙུགས་ནས་ལོ70འཁོར་བའི་དྲན་གསོའི་བྱ་འགུལ་ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  ཚོགས་འདུ་ལས་ནན་གྱིས་བསྟན་དོན།  “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བཞིའི”ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།  དཔའ་བོ་དཔེ་ལེགས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། དཔའ་བོ་དཔེ་ལེགས་ཀྱི་གཏམ་རྒྱུད་ཡག་པོར་བརྗོད་དེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔའ་བོ་དཔེ་ལེགས་མིག་དཔེར་བཟུང་ནས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་དགོས།  “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱས་ཏེ།   དམངས་ཁྲོད་འགྲོ་འོང་དང་། དངོས་སྒྲུབ་མཉམ་ལས།  མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས། གཞོན་ནུ་ལོ་ཆུང་གི་མཛའ་མཐུན་བཅས་ཀྱི་འབྲེལ་ཟམ་སྔར་ལས་མང་པོ་བསྐྲུན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུ་ཅན་དང་ཨན་ཧུའེ་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན།  བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ།  ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་སོགས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་བསྐུར་བའི་འཕྲིན་ཡིག་གལ་ཆེན་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་དང་། ཀྲུང་གོའི་ཐོན་ཁུངས་འཁོར་སྐྱོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་འཛུགས་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན་། མང་ཚོགས་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ་དམིགས་འབེན་དུ་འཛིན་པ་དང་།“སྐྱོབ་གསུམ་འབུལ་གསུམ”གྱི་རང་འཁྲིའི་བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་བ།  བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། དུས་རབས་གསར་པའི་རྒྱ་གྲམ་དམར་པོའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བྱ་བའི་རྣམ་པ་གསར་པ་གསར་གཏོད་བྱེད་པར་འབད་བརྩོན་བྱེད་དགོས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་རིམ་སྤར་གཏིང་ཟབ་བྱེད་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་ཡོང་བར་འགན་སྲུང་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མིག་སྔའི་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། གོམ་སྟབས་རྗེས་མའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས།   ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཕྱོགས་ཡོངས་ནས་ལྟ་སྟངས་ཡང་དག་འཛིན་པ་དང་། རྒྱལ་ཁབ་དང་རང་ཞིང་གི་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུས་བཟོ་ལས་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བ།  ཧུར་ཐག་གིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། བཅོས་སྒྱུར་སྒོ་འབྱེད། དམངས་འཚོ་འགན་སྲུང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཏན་ཏིག་བཅས་བྱས་ནས།   འབད་བརྩོན་སྒོས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་དགོས།

ཚོགས་འདུའི་ཐོག་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་ཁག་གཅིག་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་ཞིང་། གོ་རིམ་ལྟར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་བའམ་ཡང་ན་ཡོངས་བསྒྲགས་ལག་བསྟར་བྱེད་རྒྱུ་ཐག་བཅད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号