ཞིང་ཆེན་ཏང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཟླ10པའི་ཚེས21ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ལིའུ་མེ་ཕེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་ གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལི་ཧུང་ཡ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁྲ་ཆིན་ཅིག་སོགས་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། 《ཞིང་ཆེན་ཏང་ཨུའི་རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ་》སོགས་ལམ་ལུགས་དང་གཏན་འབེབས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་ཏེ། གཙོ་གནད་བྱ་བ་མཐུན་སྦྱོར་ངང་སྐུལ་སྤེལ་བྱེད་པར་བཀོད་སྒྲིག་བྱས།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། རུལ་སུངས་ལ་རྒོལ་བའི་མཐུན་སྦྱོར་ཚན་ཆུང་ནི་ཏང་ཨུས་རུལ་སུངས་ལ་རྒོལ་བའི་བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་ལ། ཏང་ཨུས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་གལ་ཆེན་ཞིག་ཀྱང་ཡིན་པས། མཐུན་སྦྱོར་ཚན་ཆུང་གི་ཁོངས་མིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་པའི་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིནཔའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་ཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་།    “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་གཏན་འབེབས་འགའ་ལག་བསྟར་ནན་མོ་བྱེད་པ་དང་།  དགོངས་སྐོར་སྙན་ཞུའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། དོན་དག་གལ་ཆེན་དང་། བྱ་བ་གལ་ཆེན།  གནས་ཚུལ་གལ་ཆེན་བཅས་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུར་སྙན་སེང་ཞུས་ཏེ། ཞིང་ཆེན་ཏང་ཨུས་རུལ་སུངས་ལ་རྒོལ་བའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དེ་མཐུན་སྦྱོར་ཚན་ཆུང་གི་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་སོ་སོར་མཚོན་པར་བྱེད་པ་དང་། མཐུན་སྦྱོར་ཚན་ཆུང་གི་བྱ་བའི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ཨུས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་པར་འགན་ལེན་བྱེད་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号