ཟླ10པའི་ཚེས21ཉིན། དམར་པོའི་གཏམ་རྒྱུད་སྐོར་ཞིབ་སྒྲོག་འགྲེལ་བྱ་འགུལ་གྱི་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་ཐོག་མ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས། ཞིང་ཆེན་ཐད་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་ཀྱི་འཐུས་ཚབ་པ་བྱ་འགུལ་ལ་ཞུགས། ཐེངས་འདིའི་བྱ་འགུལ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་ཡོངས་ཀྱི་སྐབས་བཞི་པའི་དམར་པོའི་གཏམ་རྒྱུད་སྒྲོག་འགྲེལ་མཁན་གྱི་འགྲན་སྡུར་ལ་ཞུགས་པའི་ཕུལ་བྱུང་འགྲན་ཞུགས་པ་དྲུག་གིས་དམར་པོའི་གཏམ་རྒྱུད་ཀྱི་གཞི་རིམ་སྒྲོག་འགྲེལ་ཚན་ཆུང་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་བཏོན་པའི་གསུང་བཤད་གལ་ཆེན་གྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་དོན་སྙིང་། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་བཅས་སྒྲོག་འགྲེལ་གཏིང་ཟབ་བྱས་པ་དང་། མཚོ་སྔོན་གྱིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར་སྐྱེད་སྲིང་བྱས་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་སོགས་སྙིང་སྟོབས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་དྲིལ་སྒྲོག་འགྲེམ་སྟོན་བྱས་ཤིང་། ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་གསར་གཏོད་གཙོ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་། དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ལ། ཕུགས་འདུན་ཡིད་རྟོན་ཇེ་དྲག་ཏུ་བཏང་ཞིང་། ཏང་ཡོན་དང་ལས་བྱེད་མི་སྣས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཁག་ཁུར་འགན་སྒྲུབ་བྱེད་པར་སྐུལ་ལྕག་གནང་བ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་སྒུལ་ཤུགས་དྲག་པོ་གཅིག་སྡུད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། བྱ་འགུལ་སྤེལ་སྐབས། སྒྲོག་འགྲེལ་ཚན་ཆུང་གིས་དཔེ་གསོན་པོ་དང་གོ་བདེ་བའི་སྐད་ཆར་བརྟེན་ནས་དུས་རབས་གསར་བའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་།  འབྲོག་པའི་ཧྲིན་ཀྲང་སྐལ་བཟང་།  རྟ་གོང་གི་སྨན་པ་ཡོན་ཧྲི་ཝུའུ་ཐེན་དབྱི། ཁོར་སྲུང་པ་བསོད་རྣམས་སྟོབས་རྒྱལ། ཡུས་ཧྲུའུ་ཡི་ཡོམ་འགོག་རྒུད་སྐྱོབ་དང་འགྱུར་ལྡོག་ཆེ་བའི་པན་ཡན་སྡེ་བ་སོགས་སེམས་འགུལ་ཐེབས་པར་བྱེད་པའི་དུས་རབས་གསར་བའི་དམར་པོའི་གཏམ་རྒྱུད་སྒྲོག་འགྲེལ་བྱས། ཚོགས་ཞུགས་དགེ་སློབ་རྣམས་ཀྱིས་བསྟན་དོན། སྒྲོག་འགྲེལ་གྱི་བརྗོད་དོན་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པས་སེམས་གཏིང་ལ་འཇགས་ཤིང་ཚོར་བ་ཟབ་པའི་བསམ་བློ་ཆབ་སྲིད་སློབ་ཐུན་ཐེངས་གཅིག་ཡིན་ཕྱིར། ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩིས་ནས། གསར་བརྗེའི་དམར་པོའི་ལོ་རྒྱུས་ཁྲོད་ནས་རྒྱུན་ཆད་མེད་པར་སྟོབས་ཤུགས་སྡུད་ལེན་བྱེད་པ་དང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་གང་ལེགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྤོབས་པ་ཆེན་པོས་སྐུལ་འདེད་གཏོང་བའི་མདུན་སྐྱོད་པ་དང་སྒོ་འབྱེད་པ།  བྱས་རྗེས་འཇོག་མཁན་བཅས་བྱེད་པ་དང་། ལང་ཚོའི་ལེའུ་དེ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་སྟེང་འབྲི་རྒྱུ་ཡིན་ཟེར།  རྒྱུས་ལོན་བྱུང་བ་ལྟར་ན། དམར་པོའི་གཏམ་རྒྱུད་སྒྲོག་འགྲེལ་བྱ་འགུལ་དེ་རྒྱུན་མཐུད་སྒོས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་སྤེལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号