མདེལ་གཉིས་སྐར་གཅིག་ཚན་རིག་པའི་སྙིང་སྟོབས་ཆེད་དོན་བྱ་འགུལ་ཟི་ལིང་དུ་སྤེལ།

ཟླ10པའི་ཚེས20ཉིན། ཆན་ཞུའེ་སིན་ཚན་རིག་སློབ་གསོ་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་ཐེན་ཡིའུ་ཏི་ཚན་རྩལ་དངུལ་གཏོང་དོ་དམ་སྡེ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མདེལ་གཉིས་སྐར་གཅིག་ཚན་རིག་པའི་སྙིང་སྟོབས་ཀྱི་ཆེད་དོན་བྱ་འགུལ་ཟི་ལིང་གྲོང་ཁྱེར་དུ་སྤེལ། བྱ་འགུལ་གྱི་དམིགས་འབེན་ནི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱི་མདུན་སྐྱོད་སྟོབས་ཤུགས་ཆེར་སྐྱེད་པ། ཚན་རྩལ་རང་སྟོབས་རང་འཕེལ་ལ་སྐུལ་འདེད་གཏོང་བ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མང་ཚོགས་ཀྱི་ཁྲོད་དུ་བརྒྱུད་སྒྲོག་བྱས་ནས། མང་ཚོགས་ཀྱིས་ཚན་རིག་ལ་དད་གུས་བྱེད་པ་དང་ཤེས་བྱར་བརྩི་མཐོང་བྱེད་པ། མེས་རྒྱལ་ལ་དགའ་ཞེན་བྱེད་པ། སྒེར་མེད་སྐྱེས་འབུལ་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན།

བྱ་འགུལ་ཡུལ་དངོས་སུ། ཆན་ཞུའེ་སིན་ཚན་རིག་སློབ་གསོ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལིས་ཕིང་ཀྲུང་གིས་མཚོ་སྔོན་ཐེན་ཡིའུ་ཏི་ཚན་རྩལ་དངུལ་གཏོང་དོ་དམ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ལིས་དབྱིན་ཧོས་ལ་ཆན་ཞུའེ་སིན་ཚན་རིག་སློབ་གསོ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའི་མཚོ་སྔོན་སྡེ་ཁག་གི་སྒོ་བྱང་བྱིན། དེ་དང་མཉམ་དུ། ཆན་ཞུའེ་སིན་ཚན་རིག་སློབ་གསོ་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་ཐེན་ཡིའུ་ཏི་ཚན་རྩལ་དངུལ་གཏོང་དོ་དམ་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པ་དང་། དེས་ཕྱོགས་གཉིས་བར་དུས་ཡུན་རིང་བོ་དང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་བཙུགས་པ་དང་། མཉམ་དུ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་པ་མཚོན་ ལ། དེ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་ཤུགས་དང་ལྡན་པའི་འགན་སྲུང་དང་བར་སྟོང་ཆེན་པོ་འདོན་སྤྲོད་བྱས།

ཆན་ཞུའེ་སིན་གྱི་བུ། ཆན་ཞུའེ་སིན་ཚན་རིག་སློབ་གསོ་ཞིབ་འཇུག་ཚོགས་པའི་མིང་བཏགས་ཚོགས་གཙོ་ཆན་ཡུང་ཀང་གིས་བཤད་རྒྱུར། མཚོ་སྔོན་མེས་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་ཞིང་ཆེན་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་རིན་ཐང་དང་ཡང་ན་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རིན་ཐང་གང་ཡིན་རུང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་འཐབ་ཇུས་ངེས་གནས་གལ་ཆེན་ཟིན། མཚོ་སྔོན་ཐེན་ཡིའུ་ཏི་སྡེ་ཚོགས་འཐུས་ཚབ་ཏུ་བྱས་པའི་མཚོ་སྔོན་ཁེ་ལས་ཀྱིས་མུ་མཐུད་དུ་མཐོ་སྒང་དུ་རྐང་བཙུགས་ནས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་དུས་རབས་གསར་བའི་ཁེ་ལས་པའི་སྙིང་སྟོབས་བརྒྱུད་དེ། དུས་རབས་གསར་བར་འགུལ་སྐྱོད་དངོས་ལ་བརྟེན་ནས་རྒན་རབས་པའི་ཚན་རྩལ་ལས་བྱེད་པའི་བླ་མེད་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་ལ་ཕྱིར་དྲན་བྱེད་རྒྱུའི་རེ་བ་བཅངས་ཡོད།

མཚོ་སྔོན་ཐེན་ཡིའུ་ཏི་ཚན་རྩལ་དངུལ་གཏོང་དོ་དམ་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ལིས་དབྱིན་ཧོས་ཀྱིས་བཤད་རྒྱུར། ཉིན་དེར། ཚོགས་ཞུགས་མི་སྣ་དག་མཉམ་དུ་འཛོམས་ནས། མཉམ་དུ་མདེལ་གཉིས་སྐར་གཅིག་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཡང་བསྐྱར་སློབ་སྦྱོང་དང་རྒྱུས་ལོན་བྱས་ལ། དེར་རིན་ཐང་དང་དོན་སྙིང་གལ་ཆེན་ལྡན། གསར་བརྗེའི་རྒན་རབས་པ་དང་རྒན་རབས་ཚན་རིག་པའི་དཔའ་བོའི་ལག་རྗེས་ནི། ང་ཚོས་འགྲན་རྩོད་ལ་ཁ་གཏད་འཇལ་བའི་བསམ་པའི་སྒུལ་ཤུགས་ཡིན། མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་སྒེར་མེད་སྐྱེལ་འབུལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ། ཤུགས་ཆེན་མཉམ་ལས་དང་རྩེར་སྙེག་བྱེད་ཕོད་པ་བཅས་ནི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་ནང་དོན་གཙོ་བོ་ཡིན་པ་དང་། ད་ལྟ་ཡང་སྔར་བཞིན་དུ་བཀོལ་ཆོག་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号