ཞི་ཅིན་ཕིང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་ཐུག་འཕྲད་གནང་བ།

ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་ཐུག་འཕྲད་གནང་།

ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་ཐུག་འཕྲད་གནང་།

ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་སང་ཆེ་སི་བརྒྱུད་དེ་རྒྱལ་པོ་ཧྥེ་ལིས་ཕེ་སྐུ་ཕྲེང་དྲུག་པར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ན་ནིང་ཀྲུང་གོ་དང་སི་ཕེན་གྱིས་རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་མཉམ་དུ་རྟེན་འབྲེལ་ཞུས། ལོ་ངོ་གཅིག་ལྷག་གི་རིང་ལ། ཕྱོགས་གཉིས་ཀས་རིམ་པ་སོ་སོའི་བར་གྱི་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་གསར་པའི་མཉམ་ལས་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་ཡོད། སང་ལོ་ནི་ཀྲུང་གོ་དང་སི་ཕེན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་འབྲེལ་བ་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་རྒྱུ་དང་སྤྱི་ཡོངས་ལ་བསམ་བློ་གཏོང་བ། ཕུགས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་གནས་ཀྱིས་ཕྱུག་པའི་ཡུན་རིང་བརྟན་བརླིང་གི་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བཏོད་དེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་སང་ཆེ་སི་དང་མཉམ་དུ་འཆམ་འཆམ་དུ་འགྲོ་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོས་ཡུན་རིང་ལག་ལེན་བྱས་ནས་རྙེད་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡང་དག་ཅིག་ཡིན་པའི་དབང་གིས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མདུན་སྐྱོད་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་གང་ལེགས་བྱས་ཡོད་པ་དེས། ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཇེ་དམ་དུ་གཏོང་བ་དང་རྒྱ་ཆེར་གཏོང་བར་གོ་སྐབས་གསར་པ་བསྩལ་ཡོད། ཕྱོགས་གཉིས་ཀས་དཔལ་འབྱོར་ཚོང་དོན་མཉམ་འདྲེས་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། མི་ཐབས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པ་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། སི་ཕེན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་ཀྱིས་ནུབ་ཕྱོགས་སུ་མ་དངུལ་གཏོང་བ་དང་ལས་རིགས་སྤེལ་བར་དྲང་བདེན་དང་འདྲ་མཉམ། བདེ་འཇགས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རོགས་བྱེད་རྒྱུའི་རེ་ལྟོས་ཆེ། ཕྱོགས་གཉིས་ཀས་ཕན་ཚུན་བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐད་བརྡའི་སློབ་ཁྲིད་དང་ན་གཞོན། རིག་གནས། ཡུལ་སྐོར་སོགས་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། མི་དམངས་ཀྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ན་ནིང་ལོ་སྨད་དུ། སི་ཕེན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་རིང་ལ། ཀྲུང་གོ་དང་ཡོ་རོབ་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་བར་བསྟོད་བསྔགས་བྱས་པ་ཡིན་ལ།  སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་འཚམ་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་རང་བརྟེན་རང་བདག་དང་ཕན་ཚུན་ལ་ཕན་འབྲས་ཐོབ་པར་བྱེད་པ། འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སི་ཕན་གྱིས་འདིའི་ཆེད་དུ་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་ཐུབ་པའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཡོང་བའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་ཐུག་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་སང་ཆེ་སི་དང་མཉམ་དུ་འཆམ་འཆམ་དུ་འགྲོ་བའི་ཚུལ་རེད།

ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་སྣེ་མང་རྙོག་འཛིང་ཆེ་བ་དང་། ཀྲུང་གོ་དང་སི་ཕེན་གཉིས་ཀ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལྡན་པའི་རྒྱལ་ཁབ་ཡིན་པར་མ་ཟད། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་དར་སྤེལ་ཡང་གཏོང་གིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ལ་ཁ་གཏད་པའི་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཀྱི་འབྲེལ་གཏུག་གཞོགས་འདེགས་ལ་ཤུགས་བསྣན་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་གི་ཆེད་དུ། དྲང་ནུས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

སང་ཆེ་སི་ཡིས་སི་ཕེན་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཀྲུང་གོའི་བློ་གཏད་ཆོག་པའི་ཟླ་གྲོགས་ཞིག་བྱེད་འདོད་ཡོད་ཅིང་། སི་ཕེན་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འབུལ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད། སི་ཕེན་ཕྱོགས་ཀྱིས་རང་མོས་ཚོང་དོན་དང་ཁྲོམ་རའི་སྒོ་འབྱེད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས། ཚོང་དོན་དམག་འཐབ་རྒྱག་རྒྱུར་མོས་མཐུན་མེད་པས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།

ཝང་དབྱི་ཐུག་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号