ཞི་ཅིན་ཕིང་གིས་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་ལ་ཐུག་འཕྲད་གནང་བ།

འདི་ནི་ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཐིག་དམར་ཀི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་ཐུག་འཕྲད་གནང་བའི་ཚུལ་རེད། 

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཐིག་དམར་ཀི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་ཐུག་འཕྲད་གནང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཐིག་དམར་ཀི་ནེ་ཡ་ནི་གྲོགས་པོ་བཟང་པོ་ཡིན། ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་།ཕྱོགས་ཡོངས་ནས་དངོས་སྒྲུབ་མཉམ་ལས་བྱེད་པ།མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་ཡིན་པ་བཅས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོས་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་།དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ།འགོག་སྲུང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཐིག་དམར་ཀུའེ་ནེ་ཡའི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་རང་སོ་སོའི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མདུན་ལམ་གསར་པ་གཏོད་འདོད་ཡོད།

ཞི་ཅིན་ཕིང་གིས་ཐིག་དམར་ཀི་ནེ་ཡ་ཡིས2027ལོ་ནས2030ལོའི་བར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྟེན་འབྲེལ་ཞུས་པ་དང་། ཐེངས་འདིའི་པེ་ཅིན་རྩེ་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་འཆར་གཞི་གསར་པ་འཆར་འགོད་བྱ་རྒྱུར་གཞོལ་བ་དེ་ནི། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཐིག་དམར་ཀི་ནེ་ཡ་དང་མཉམ་ལས་དམ་ཟབ་བྱས་ཐོག རྩེ་ཚོགས་ལེགས་འགྲུབ་འབྱུང་བར་འགན་ལེན་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

འདི་ནི་ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་ཐིག་དམར་ཀི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་ཐུག་འཕྲད་གནང་བའི་ཚུལ་རེད། 

ཨའོ་པི་ཨང་གིས་བསྟན་དོན། ང་པེ་ཅིན་དུ་འབྱོར་མ་ཐག་ཀྲུང་གོའི་མི་དམངས་ཀྱིས་ཐིག་དམར་ཀི་ནེ་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་མཛའ་བརྩེ་བཅངས་ཡོད་པ་ཚོར་བྱུང་། ཐེངས་འདིའི་རྩེ་ཚོགས་ཀྱི་སྒྲིག་འཛུགས་ལས་དོན་ཞིབ་ཚགས་ཡིན་པ་དང་བརྗོད་དོན་གཙོ་བོའི་ཇུས་འགོད་དེ་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་དོན་གཉེར་བྱེད་པའི་ཕུགས་འདུན་དང་མཐུན་པས། གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ངེས་པའི་ཡིད་ཆེས་ཡོད། ཐིག་དམར་ཀི་ནེ་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་མཛའ་གྲོགས་ཟབ་མོ་དང་ཚད་མཐོའི་ཕན་ཚུན་ཡིད་ཆེས་ལ་བརྟེན་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་མ་ཟད།རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་དང་མཉམ་ལས་ཀྱིས་ཐིག་དམར་ཀུའེ་ནེ་ཡའི་རྣམ་པ་གསར་རྐྱང་དུ་འགྱུར་བར་རོགས་རམ་བྱས་པ་དང་། ཀྲུང་གོས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཐིག་དམར་ཀི་ནེ་ཡ་ཡིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད། ཐིག་དམར་ཀུའེ་ནེ་ཡ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་བྱ་རྒྱུ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། 

ཝང་དབྱི་ཐུག་འཕྲད་ནང་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号