མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་དང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་གཏིང་ཟབ་ཏུ་སྤེལ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།
ཟླ9པའི་ཚེས4ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་དང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་གཏིང་ཟབ་ཏུ་སྤེལ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
ཚོགས་འདུའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་ལྟ་ཞིབ་དཔྱད་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་བྱེད་རྒྱུ་དམ་འཛིན་བྱེད་པའི་ཐད་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དག་ཐེར་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི” བྱ་བའི་བླང་བྱ་ལག་བསྟར་བྱེད་པ། རྩ་ལག་མཉམ་བཅོས་ཀྱིས་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་ལེགས་པོ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོར་སྤེལ་དགོས་ཤིང་། ཆབ་སྲིད་ཀྱི་དགོས་གཏུགས་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ནས་ལྟ་བ་དང་སྒྲུབ་པ། དག་ཐེར་བཅས་བྱེད་པ་རྒྱུན་འཁྱོངས་དང་། ཕལ་ཆེར་ཆོག་པ་ཙམ་གྱི་བསམ་བློ་འདོར་བ་བཅས་བྱས་ཏེ། མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་། སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐག་གཅོད་ཐུབ་པར་འགན་སྲུང་བྱས་ཏེ། དོན་ཆུང་ཆེ་རུ་མི་གཏོང་བ་དང་དོན་ཆེན་ནར་འགྱངས་མི་ཡོང་བར་བྱེད་དགོས། མིག་སྔའི་དག་ཐེར་དང་ཡུན་རིང་འཛུགས་སྐྱོང་ལ་གཞི་ཚུགས་ནས་སྐད་ཅིག་ཙམ་གྱི་དག་ཐེར་གཏན་འགོག་བྱས་ཏེ། སྐྱོན་བསྟུན་དག་ཐེར་དང་ཡུན་ཕན་ཡུན་བཅོས་བྱེད་དགོས། དུས་བཅད་ལྟར་སྤུས་ཚད་འགན་ལེན་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་རིམ་པའི་སྤྱི་འདོམས་མཛུབ་སྟོན་ལ་ཤུགས་སྣོན་པ། ས་གནས་ཀྱི་འགན་འཁྲི་གཙོ་བོ་ནན་མོར་གཏོང་བ། འཕེལ་རིམ་དམ་འཛིན་དང་། སྤུས་ཚད་དམ་འཛིན། ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། དུས་བཅད་ལྟར་དག་ཐེར་བཅོས་སྒྲིག་འགན་ལེན་བྱེད་དགོས། གནད་དོན་ལ་དམིགས་ནས་བཅོས་སྒྱུར་དོན་གཉེར་བྱེད་པ་དང་། བཅོས་སྒྱུར་གྱི་བསམ་བློ་དང་བྱེད་ཐབས་ཡག་པོ་ལག་བསྟར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་འདུ་ཤེས་ལ་ལྟ་རྟོག་ཡག་པོ་བྱེད་པ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ། གཙོ་གནད་བཅོས་སྒྲིག་དེ་མ་ལག་བཅོས་སྐྱོང་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “གསེར་རི་དངུལ་རིའི ” གཞན་སྒྱུར་བགྲོད་ལམ་དངོས་སུ་གེགས་མེད་ཡོང་བར་བྱེད་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གནད་དོན་ལ་དམ་པོར་དམིགས་པ་དང་། ཇུས་གཞི་ཞིབ་ཚགས་བཟོ་བ། མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པ། ལྟ་སྐུལ་དོ་དམ་ནན་མོ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དཔེ་མཚོན་གྱོད་དཔེ་དང་འཕྲིན་བཅར་ཐེར་འདོན་གནད་དོན་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་། ཆུ་གློག་ཆུང་གྲས་གསར་སྤེལ་གྱི་སྐྱེ་ཁམས་སྲུང་སྐྱོབ། འཚོ་བའི་བཙོག་ཆུ་བསྡུ་རུབ་དང་ཐག་གཅོད། ཉམས་ཞན་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། མང་ཚོགས་ཀྱི་འཕྲིན་བཅར་ཐེར་འདོན་སོགས་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། བཅོས་སྒྲིག་མཐར་ཕྱིན་པ་དང་བཅོས་སྒྲིག་གནད་ལ་འཁེལ་བར་འགན་ལེན་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལྟ་ཞིབ་ལས་བསྟན་པའི་གནད་དོན་གཞན་དག་དང་རྨ་ཆུའི་ཉེན་ཟོན་པར་གཞིའི་གནད་དོན་དག་ཐེར་དམ་འཛིན་ཡག་པོ་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཐད་ཀྱི་གནད་དོན་གྱི་ཞན་ཆར་དམིགས་ཏེ། སྐྱོན་བསྟུན་དག་ཐེར་དང་གནད་སྨིན་ཇུས་འདོན། བཅོས་སྐྱོང་ནན་མོ་དང་ཞན་ཆ་ཁ་གསབ་བཅས་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་དཔྱད་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་སོགས་གནད་དོན་བཅོས་སྒྲིག་དང་རིམ་སྤོར་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཚད་ལྡན་གྱི་ལན་ཞིག་སྤྲོད་དགོས།
ཚོགས་འདུའི་སྟེང་། ཞོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་མུ་མཐུད་དུ་ཡག་པོར་སྒྲུབ་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣ་གནས་སྤོ་ཉེན་གཡོལ་བྱེད་ཤུགས་ཆེ་རུ་གཏོང་བ། རི་ཉིལ་བ་སོགས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་ནན་མོ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་གཏིང་ཟབ་ཏུ་རྒྱག་པ། རྨ་ཆུའི་ཉེན་ཟོན་པར་གཞི་ཁྱབ་སྒྲོག་བཅས་ཀྱི་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་བརྡ་ཁྱབ་བཏང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། མཚོ་ནུབ་ཁུལ་སྲིད་གཞུང་དང་མཚོ་བྱང་ཁུལ་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་འདུའི་སྟེང་གཏམ་བཤད་པ་དང་། གྲོང་ཁྱེར(ཁུལ)གཞན་དག་གིས་ཡིག་ཐོག་སྙན་ཞུ་ཕུལ།
ཚོགས་འདུ་དེ་བརྙན་ལམ་བརྒྱུད་ནས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་མགོ་ཁྲིད་ལིའུ་མེ་ཕེན་དང་ཝང་ཝུའེ་ཏུང་། ཚེ་རིང་ཐར། ལུའེ་ཀང་། ལིའུ་ཁྲའོ་བཅས་ཚོགས་ར་གཙོ་བོའམ་ཡང་ན་ཡན་ལག་ཚོགས་རར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注