ཞི་ཅིན་ཕིང་གིས་ཁ་མེ་རོང་གི་ཙུང་ཐུང་པིས་ཡ་ལ་ཐུག་འཕྲད་གནང་བ།

ཟླ9པའི་ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁ་མེ་རོང་གི་ཙུང་ཐུང་པིས་ཡར་ཐུག་འཕྲད་གནང་།   རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཁ་མེ་རོང་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན།  ཙུང་ཐུང་པིས་ཡ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་རིམ་བྱུང་ལ་ཞུགས་པ་དེས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོར་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད། ཀྲུང་གོ་དང་ཁ་མེ་རོང་བར་གྱི་མཛའ་བརྩེ་མི་སེམས་སུ་ཟུག་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། མཛའ་མཐུན་གཉིས་ཕན་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་བྱུང་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་དང་མཉམ་དུ་སྔར་ལས་དོན་སྙིང་དང་ཚད་གཞི་ལྡན་པའི་ཀྲུང་གོ་དང་ཁ་མེ་རོང་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁ་མེ་རོང་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནམ་ཡང་ཀྲུང་གོར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་བཞིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཁ་མེ་རོང་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་།  འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་འགྲོ་འོང་དམ་ཟབ་བྱས་ཏེ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རེབ་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས།  དྲ་སྦྲེལ།  ཞིང་ལས། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཁ་མེ་རོང་གི་དཔལ་འབྱོར་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་དང་མཉམ་དུ་ཕྱོགས་མང་གི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཁ་མེ་རོང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་གདང་སྦྲེལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་འདོད་ཡོད།

པིས་ཡ་ཡིས་བསྟན་དོན། འདི་ནི་ངས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་བརྒྱད་པ་ཡིན་ལ།  ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།  འདི་ལས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་ཟབ་མོ་མཚོན་ཡོད་ལ། ཁ་མེ་རོང་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྩེ་སེམས་ཟབ་མོ་ཡང་མཚོན་ཡོད། ཁ་མེ་རོང་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ53གྱི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ལ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ལས་གཞི་མང་པོ་ཞིག་གིས་ཁ་མེ་རོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཁ་མེ་རོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཁ་མེ་རོང་ལ་ས་གཤིས་ཀྱི་གནས་བབ་ཡག་པོ་དང་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཡོད་པས། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཞིག་ཁ་མེ་རོང་ལ་ཡོང་ནས་མ་དངུལ་གཏོང་བ་དང་། ཁ་མེ་རོང་ཕྱོགས་ཀྱིས་གཏེར་ཁའི་ཐོན་ཁུངས་སོགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་བར་རམ་འདེགས་བྱེད་པར་དགའ་བསུ་ཞུ་བ་ཡིན། ཁ་མེ་རོང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་གཞི་རབ་དང་རིམ་པར་བསྟོད་བསྔགས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རོགས་ལས་ལ་ཤུགས་བསྣན་ནས།  འཛམ་གླིང་བཅོས་སྐྱོང་དེ་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པར་སྔར་ལས་ཕན་པར་སྐུལ་འདེད་གཏོང་འདོད་ཡོད།

ཝང་དབྱི་ཐུག་འཕྲད་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号