མཚོ་སྔོན་གྱིས་སྡེ་བ་དང་གཞིས་ཁུལ་བཞི་བརྒྱར་རིག་གནས་སྒྲིག་ཆས་བགོས་སྤྲོད་བྱས།

ཟླ12པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཟི་ལིང་གྲོང་ཁྱེར་རིག་གནས་ཁང་དུ2024ལོའི་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་རིག་གནས་སྒྲིག་ཆས་བགོས་སྤྲོད་བྱེད་པའི་མཛད་སྒོ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་བཞི་བརྒྱར་འཁྲབ་སྟོན་གྱོན་ཆས་དང་རོལ་ཆས། སྒྲ་སྒམ་སོགས་རིག་གནས་སྒྲིག་ཆས་ཡོ་བྱད་ཁྲི་ལྔ་ལྷག་བགོས་སྤྲོད་བྱས་པ་དང་། སྤྱིའི་རིན་ཐང་སྒོར་བྱེ་བ་གཉིས་ཡིན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཐུན་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ལ། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཧུར་ཐག་གིས་བསྐངས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་མ་དངུལ་སྒོར་དུང་ཕྱུར་གཅིག་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་སྟོང་གཉིས་ལ་འཁྲབ་སྟོན་གྱོན་ཆས་དང་རོལ་ཆས། སྒྲ་སྐྱེད་སོགས་རིག་གནས་སྒྲིག་ཆས་སྡེབ་སྒྲིག་བྱས་པ་དང་། མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྤེལ་བའི་ཐད་དངོས་པོའི་འགན་སྲུང་འདོན་སྤྲོད་བྱས། བགོས་སྤྲོད་བྱས་པའི་རིག་གནས་སྒྲིག་ཆས་ཡོ་བྱད་ལ་སྔར་ལས་དོ་དམ་དང་བཀོལ་སྤྱོད་བྱེད་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་བ་དང་། འགན་འཁྲི་ལག་བསྟར་བྱེད་པ་དང་འགན་ཕྲག་ཏུ་ཁུར་བ། སྤྱི་ཐུན་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་དང་གཞིས་ཁུལ་གྱི་རིག་གནས་བྱ་འགུལ་ཁང་གི་སྒྲིག་ཆས་ཡོ་བྱད་དོ་དམ་བཀོལ་སྤྱོད་བྱེད་པའི་གཏན་ཁེལ་ལག་བསྟར་བྱས་ལ། རིག་གནས་སྒྲིག་ཆས་ཡོ་བྱད་ཀྱི་དོ་དམ་དང་བཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་སྟོན་བྱེད་པར་ཤུགས་བསྣན་པ་དང་། རིག་གནས་སྒྲིག་ཆས་མཁོ་འདོན་ཚོང་བ་དང་མཉམ་འབྲེལ་བྱས་ནས་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་བཏང་ལ། སྒྲིག་ཆས་བཙོང་རྗེས་ཀྱི་ཞབས་ཞུ་བྱ་བ་བཟང་བོར་བསྒྲུབས་པ་དང་། གནད་དོན་རྙེད་ཚེ་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་དང་ཐག་གཅོད་བྱས་ནས། སྒྲིག་ཆས་བདག་ཉར་བཟང་བོ་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པར་ཁག་ཐེག་བྱས། སྡེ་བ་དང་གཞིས་ཁུལ་གྱི་རིག་གནས་བྱ་འགུལ་ཁང་གི་ཞབས་ཞུའི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་པ་དང་། གྲོང་གསེབ་ཀྱི་རིག་གནས་འཇོན་མི་དང་རིག་གནས་སྣེ་ཁྲིད་པ། རིག་རྩལ་ལ་དགའ་ཞེན་ཆེ་བའི་མི་སྣར་སྐུལ་མ་དང་རྒྱབ་སྐྱོར་བྱས་ལ། བགོས་སྤྲོད་བྱས་པའི་རིག་གནས་སྒྲིག་ཆས་བེད་སྤྱད་དེ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ནས། རིག་གནས་ཀྱི་མེ་ཏོག་ཞིང་སྡེ་འབྲོག་ཁུལ་དང་གྲོང་ཁྱེར་སྲང་ལམ་དུ་རྣམ་པར་བཀྲ་བར་བྱས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་སྤྱི་ཐུན་རིག་གནས་ཐོན་ཁུངས་ཀྱི་སྡེབ་སྒྲིག་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱེད་པ་དང་། སྤུས་ལེགས་རིག་གནས་ཀྱི་ཐོན་ཁུངས་གཞི་རིམ་དུ་ཐོན་པར་སྐུལ་འདེད་གཏོང་བ། ཁུལ་དང་རྫོང་གི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་རིག་གནས་སྒྲིག་ཆས་དོ་དམ་དང་བཀོལ་སྤྱོད་བྱེད་པའི་ཐད་ཀྱི་མཛུབ་སྟོན་ནུས་ཤུགས་ཆེར་སྐྱེད་པར་མཛུབ་སྟོན་བྱེད་པ། མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་བ། གཞི་རིམ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་བཟང་བོར་སྐོང་བ། རིག་གནས་དར་སྤེལ་གྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པར་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་རིག་གནས་ཡུལ་སྐོར་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号