ད་ལོའི་ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་སྒོ་དུས་མཉམ་ལས7.5%འཕར་བ།
རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཉེ་ཆར་གཞི་གྲངས་ལས་ཁྱབ་བསྒྲགས་བྱས་དོན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས(གཤམ་དུ་བསྡུས་མིང་ལ་རིག་གནས་ཁེ་ལས་ཞེས་འབོད་རྒྱུ)ལས་གཉེར་ཡོང་སྒོ་སྒོར་དུང་ཕྱུར64961ཟིན་པ་དེ་ལོ་ལོ་གོང་མའི་དུས་མཉམ་ལས7.5%འཕར་ཡོད། དེའི་ནང་རིག་གནས་ཀྱི་ལས་རྣམ་པ་གསར་པའི་ཁྱད་ཆོས་མངོན་གསལ་ཡིན་པའི་ལས་རིགས16གི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར27024ཟིན་པ་དེ་ལོ་གོང་མའི་དུས་མཉམས་ལས11.2%འཕར་ཡོད། གཞི་ཁྱོན་ཡོངས་ཀྱི་རིག་གནས་ཁེ་ལས་ཀྱི་བརྒྱ་ཆའི་ཚེག3.7ལས་མགྱོགས་པ་རེད།
ཐོན་ལས་ཀྱི་རིགས་དབྱེ་ནས་བལྟས་ན། རིག་གནས་བཟོ་སྐྲུན་ལས་རིགས་ཀྱིས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར1921ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས5.4% འཕར། རིག་གནས་སྡེབ་འཚོང་དང་སིལ་འཚོང་ལས་རིགས་སྒོར་དུང་ཕྱུར11031འཕར་ཡོད་པ་དང6.3%འཕར་ཡོད། རིག་གནས་ཞབས་ཞུ་ལས་རིགས་སྒོར་དུང་ཕྱུར34709ཟིན་པ་དང9.0%འཕར་སྣོན་བྱུང་ཡོད།
ལས་རིགས་དབྱེ་ནས་བལྟས་ན། གསར་འགྱུར་ཆ་འཕྲིན་ཞབས་ཞུས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར8768མངོན་འགྱུར་བྱུང་བ་དེ་ལོ་གོང་མའི་དུས་མཉམ་ལས9.8% འཕར་ཡོད། ནང་དོན་གསར་རྩོམ་ཐོན་སྐྱེད་སྒོར་དུང་ཕྱུར14628ཟིན་པ་དང10.2%འཕར་ཡོད། གསར་གཏོད་ཇུས་འགོད་ཞབས་ཞུ་སྒོར་དུང་ཕྱུར10958ཟིན་པ་དང6.7%འཕར་ཡོད།
ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར5250ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས8.9%འཕར་ཡོད། ལས་གཉེར་ཡོང་འབབ8.08%ཡིན་པ་དང་དེ་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆའི་ཚེག0.11འཕར་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注