ཞི་ཅིན་ཕིང་གིས་གསར་དུ་འགན་ཁུར་བའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བསྐུར།
ཟླ8པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སུའུ་ལིན་ལ་གློག་འཕྲིན་བཏང་ནས། ཁོ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ་གསུངས་རྒྱུར། ཁྱོད་རང་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པའི་གཏམ་བཟང་གོ་བྱུང་བས། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པར་མ་ཟད། ང་རང་གི་མིང་སྟེང་ནས་ཁྱོད་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན།
ཉེ་བའི་ལོ་འགའི་རིང་ལ། ཡོ་ནན་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་གསུམ་པའི་གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ་དང་། ཏང་གི་རང་ངོས་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་སྒྱུར་སྒོ་འབྱེད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས་འདུག ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཡོ་ནན་གྱི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པས་བཏོན་པའི་དམིགས་འབེན་དང་ལས་འགན་རྒྱལ་ཁའི་ངང་ཡོངས་འགྲུབ་བྱས་ཤིང་། ཚོགས་ཆེན་བཅུ་བཞི་པའི་གྲ་སྒྲིག་བྱ་བ་བརྟན་བརླིང་སྒོས་སྤེལ་ནས། ཏང་འཛུགས་རྒྱལ་འཛུགས་ཀྱི་བརྒྱ་ལོ་གཉིས་པའི་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་མ་ཆད་པར་མདུན་དུ་བསྐྱོད་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།
ཀྲུང་གོ་དང་ཡོ་ནན་གཉིས་ནི་རི་ཆུ་མཉམ་དུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་ཡིན། ན་ནིང་གི་ཟླ12པར། ངས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྐྱོད་ལམ་གསར་པ་དང་ལེའུ་གསར་པ་བཏོད་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་སུའུ་ལིན་དང་མཉམ་དུ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་གཟབ་ནན་སྒོས་བསྐྲུན་པར་སྣེ་ཁྲིད་བྱས་ཏེ། མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ། འཐབ་ཇུས་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་གྱི་ལས་དོན་ཐད་བྱས་རྗེས་བཟང་བོ་འཇོག་འདོད་ཡོད།
ཁྱོད་ཀྱིས་བླ་ན་མེད་པའི་ལས་རྐང་སྟེང་དུ་གྲུབ་འབྲས་གསར་པ་ལོན་པའི་སྨོན་འདུན་ཞུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注