ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།
ཁྲིན་ཀང་གིས་མགོ་འཛིན་བྱས།
ཟླ7པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པར་མ་ཟད། རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས།གྲོས་ཚོགས་ཀྱིས་བསྟན་དོན། ད་ལྟའི་འབྲུབ་འགོག་གི་དུས་སྐབས་གནད་འགག་འདི་ལ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལས་འབྲུབ་འགོག་རྒུད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པའི་བརྩེ་བ་ཟབ་མོ་མངོན་པར་མཚོན་ཞིང་། ཏང་ཀྲུང་དབྱང་གིས་ད་ལྟའི་འབྲུབ་འགོག་བྱ་བར་གཙིགས་མཐོང་གང་ལེགས་བྱས་པའང་མཚོན་ཡོད། ཉེ་སྔོན་རང་ཞིང་ཆར་ཞོད་ཆེ་བའི་དུས་སུ་སླེབས་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“སྔོན་འགོག་ཅི་ནུས་བྱེད་དགོས་ཀྱང་འཐུས་ཤོར་དུ་གཏན་ནས་གཏོང་མི་རུང་བའི”ཚད་མཐའི་བསམ་བློ་དང“དུས་ནམ་ཡང་ལྷོད་གཡེང་མེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ལ་གྲ་སྒྲིག་བྱས་པ་དང་། བདེ་འཇགས་ཀྱི་ཚད་མཐའ་བློ་ཐག་རྦད་ཆོད་ཀྱིས་བསྲུངས། ད་ལྟ་རང་ཞིང་སྔར་བཞིན་འབྲུབ་འགོག་གི་དུས་སྐབས་གཙོ་བོར་གནས་པས། འབྲུབ་འགོག་བྱ་བའི་ཛ་དྲག་ཆེ་བའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྲིད་ཕྱོད་ཆེ་བའི་བསམ་གཞིག་ལ་བརྟེན་ནས་ཐལ་དྲགས་པའི་གནམ་གཤིས་དང་འབྱུང་སྲིད་པའི་རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་དེ། བྱ་བའི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱེད་དགོས་ལ། རིམ་པ་སོ་སོའི་འགན་འཁྲི་དང་དུ་ལེན་པར་སྐུལ་འདེད་བྱས་ཐོག རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་ཡུལ་དངོས་སུ་བཅར་ནས་བཀོད་འདོམས་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་པ་བརྒྱུད། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་ཕྱོགས་གཅིག་གི་བདེ་འཇགས་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཐད་བགྲོད་ལམ་གསར་པ་བཏོད་དེ། ཧུར་ཐག་སྒོས་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པར་གཅིག་གྱུར་འཆར་འགོད་དང་། སྤུས་མཐོའི་འཕེལ་རྒྱས་ཞེས་པའི་འགན་འཁྲི་དང་པོ་འདི་ཁོང་དུ་ཆུད་པར་བྱེད་དགོས་ལ། རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་སྐུལ་འདེད་གཏོང་བ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་དང་། བརྟན་བརླིང་ཡར་འཕེལ་ཡོང་བ་དེ་མངོན་གསལ་དོད་པོའི་གནས་སུ་བཞག་སྟེ། དཔལ་འབྱོར་བྱ་བའི་སྔོན་མཐོང་རང་བཞིན་དང་རང་འགུལ་རང་བཞིན། དུས་ཕྱོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་འགག་སྒྲོལ་དམག་འཐབ་ལེགས་པོར་བརྒྱབ་སྟེ། སྲིད་ཇུས་དང་ཚོང་ར། ཁེ་ལས། སྡོམ་རྩིས་སོགས་གནས་མང་པོ་ནས་ཤུགས་འདོན་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་གསུམ་གཉིས་གཅིག་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འཕེལ་ཤུགས་ཆེ་བའི་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ལྕག་དང་སྐུལ་འདེད་གཏོང་བ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་འཕེལ་ཤུགས་སྲ་བརྟན་དང་རྒྱ་བསྐྱེད་པ། ཞབས་ཞུ་ལས་རིགས་ཀྱིས་དཔལ་འབྱོར་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་དགོས།གྲོས་ཚོགས་ཀྱིས་བསྟན་དོན།《རྒྱལ་ཡོངས་ཏང་སྲིད་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས2028ལོའི་བར)》ཞེས་པར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། “སྲུང་སྐྱོང་གཉིས”ལ་དམིགས་ནས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས། དེང་རབས་ཅན་གྱི་དམིགས་འབེན་ལ་དམིགས་ནས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་བ། ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། སྲིད་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ལ་དམིགས་ནས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གྱོད་དཔེར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་སོགས་དོ་དམ་དང་ལྟ་སྐུལ་ནན་མོ་བྱ་རྒྱུ་དེ་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་གོ་རིམ་སོ་སོ་རུ་དོན་འཁྱོལ་བྱེད་དགོས།གྲོས་ཚོགས་ཀྱིས་ད་དུང《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཀྱི་འཇོན་མི་གཅིག་སྡུད་བྱེད་ཐབས་བཅུ》ལ་གྲོས་ཞིབ་བྱས།
ཟླ7པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པར་མ་ཟད། རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱིས་བསྟན་དོན། ད་ལྟའི་འབྲུབ་འགོག་གི་དུས་སྐབས་གནད་འགག་འདི་ལ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལས་འབྲུབ་འགོག་རྒུད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པའི་བརྩེ་བ་ཟབ་མོ་མངོན་པར་མཚོན་ཞིང་། ཏང་ཀྲུང་དབྱང་གིས་ད་ལྟའི་འབྲུབ་འགོག་བྱ་བར་གཙིགས་མཐོང་གང་ལེགས་བྱས་པའང་མཚོན་ཡོད། ཉེ་སྔོན་རང་ཞིང་ཆར་ཞོད་ཆེ་བའི་དུས་སུ་སླེབས་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“སྔོན་འགོག་ཅི་ནུས་བྱེད་དགོས་ཀྱང་འཐུས་ཤོར་དུ་གཏན་ནས་གཏོང་མི་རུང་བའི”ཚད་མཐའི་བསམ་བློ་དང“དུས་ནམ་ཡང་ལྷོད་གཡེང་མེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ལ་གྲ་སྒྲིག་བྱས་པ་དང་། བདེ་འཇགས་ཀྱི་ཚད་མཐའ་བློ་ཐག་རྦད་ཆོད་ཀྱིས་བསྲུངས། ད་ལྟ་རང་ཞིང་སྔར་བཞིན་འབྲུབ་འགོག་གི་དུས་སྐབས་གཙོ་བོར་གནས་པས། འབྲུབ་འགོག་བྱ་བའི་ཛ་དྲག་ཆེ་བའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྲིད་ཕྱོད་ཆེ་བའི་བསམ་གཞིག་ལ་བརྟེན་ནས་ཐལ་དྲགས་པའི་གནམ་གཤིས་དང་འབྱུང་སྲིད་པའི་རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་དེ། བྱ་བའི་རང་འགུལ་དབང་ཆ་དམ་འཛིན་ནན་མོ་བྱེད་དགོས་ལ། རིམ་པ་སོ་སོའི་འགན་འཁྲི་དང་དུ་ལེན་པར་སྐུལ་འདེད་བྱས་ཐོག རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་ཡུལ་དངོས་སུ་བཅར་ནས་བཀོད་འདོམས་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་པ་བརྒྱུད། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་ཕྱོགས་གཅིག་གི་བདེ་འཇགས་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པའི་ཐད་བགྲོད་ལམ་གསར་པ་བཏོད་དེ། ཧུར་ཐག་སྒོས་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལྷག་པར་གཅིག་གྱུར་འཆར་འགོད་དང་། སྤུས་མཐོའི་འཕེལ་རྒྱས་ཞེས་པའི་འགན་འཁྲི་དང་པོ་འདི་ཁོང་དུ་ཆུད་པར་བྱེད་དགོས་ལ། རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་སྐུལ་འདེད་གཏོང་བ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་དང་། བརྟན་བརླིང་ཡར་འཕེལ་ཡོང་བ་དེ་མངོན་གསལ་དོད་པོའི་གནས་སུ་བཞག་སྟེ། དཔལ་འབྱོར་བྱ་བའི་སྔོན་མཐོང་རང་བཞིན་དང་རང་འགུལ་རང་བཞིན། དུས་ཕྱོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་འགག་སྒྲོལ་དམག་འཐབ་ལེགས་པོར་བརྒྱབ་སྟེ། སྲིད་ཇུས་དང་ཚོང་ར། ཁེ་ལས། སྡོམ་རྩིས་སོགས་གནས་མང་པོ་ནས་ཤུགས་འདོན་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་གསུམ་གཉིས་གཅིག་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འཕེལ་ཤུགས་ཆེ་བའི་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ལྕག་དང་སྐུལ་འདེད་གཏོང་བ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་འཕེལ་ཤུགས་སྲ་བརྟན་དང་རྒྱ་བསྐྱེད་པ། ཞབས་ཞུ་ལས་རིགས་ཀྱིས་དཔལ་འབྱོར་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་དགོས།
གྲོས་ཚོགས་ཀྱིས་བསྟན་དོན།《རྒྱལ་ཡོངས་ཏང་སྲིད་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས2028ལོའི་བར)》ཞེས་པར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། “སྲུང་སྐྱོང་གཉིས”ལ་དམིགས་ནས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས། དེང་རབས་ཅན་གྱི་དམིགས་འབེན་ལ་དམིགས་ནས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་བ། ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། སྲིད་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ལ་དམིགས་ནས་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་གྱོད་དཔེར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་སོགས་དོ་དམ་དང་ལྟ་སྐུལ་ནན་མོ་བྱ་རྒྱུ་དེ་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་གོ་རིམ་སོ་སོ་རུ་དོན་འཁྱོལ་བྱེད་དགོས།
གྲོས་ཚོགས་ཀྱིས་ད་དུང《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཀྱི་འཇོན་མི་གཅིག་སྡུད་བྱེད་ཐབས་བཅུ》ལ་གྲོས་ཞིབ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注