གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ།

ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད་རིག་གནས་གསར་གཏོད་རྣམ་གྲངས་རབ་དང་རིམ་པ་ཐོན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱད་ལྡན་རིག་གནས་ཀྱི་སྒུལ་ཤུགས་གསར་པ་བསྣན་ཡོད།     

སྤྱི་ལོ2016ལོར་བཙུགས་པའི་སྟེང་ཆེན་རྫོང་དགུང་སྔོན་པོ་ཚོང་གཉེར་ཚད་ཡོད་ཀུང་སི་ཡང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱད་ལྡན་རིག་གནས་ཀྱི་སྒུལ་ཤུགས་གསར་སྣོན་བྱེད་མཁན་གྱི་གྲས་ཤིག་རེད། གསར་འགོད་པ་ཀུང་སིའི་བ་སོ་གཡང་ཊིའི་བརྐོས་དཀྲོལ་ཁང་ནང་བཅར་འདྲིར་སྐྱོད་སྐབས་བཟོ་ཁང་ནང་བརྐོས་དཀྲོལ་འཕྲུལ་འཁོར་གྱི་སྒྲ་ཡིས་ཁེངས་ནས་ཡོད་པ་དང་། བརྐོས་དཀྲོལ་མཁན་ཚོས་གོ་རིམ་ཡོད་ལ་བྱང་ཆ་ལྡན་པའི་སྒོ་ནས་ལ་ལས་རྒྱུ་ཆ་བདམས་ནས་གཅོད་འབྲེག་བྱེད་པ་དང་།    ལ་ལས་བརྐོད་དཀྲོལ་བརྒྱབ་ནས་བཟོ་དབྱིབས་འདོན་པ། ལ་ལས་ཞིབ་བརྡར་བརྒྱབ་ནས་འོད་མདངས་འདོན་པ་སོགས་ལས་རིམ་ཚང་མར་བཟོ་རྩལ་གྱིས་ཕྱུག་ཅིང་སྒྱུ་རྩལ་གྱིས་བརྒྱན་ནས་ཡོད་པ་རེད།  

སྟེང་ཆེན་རྫོང་དགུང་སྔོན་པོ་ཚོང་གཉེར་ཚད་ཡོད་ཀུང་སིས་ས་གནས་དེ་གའི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་མ་ཟད།    ད་དུང་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་སློབ་མ་དང་དབང་པོ་སྐྱོན་ཅན་ལའང་ལས་ཞུགས་ཀྱི་གོ་སྐབས་ཧུར་ཐག་མཁོ་འདོན་བྱེད་བཞིན་ཡོད་པ་རེད། 

སྟེང་ཆེན་རྫོང་དགུང་སྔོན་པོ་ཚོང་གཉེར་ཚད་ཡོད་མཐུན་གཉེར་ཁང་གི་འགན་འཁུར་བ་གཞོན་པ་འཕྲིན་ལས་མཆོག་རྒྱལ་གྱིས། ཀུང་སིས་ལོ་ལྟར་ས་གནས་དེ་གའི་མང་ཚོགས350ཙམ་ལ་གནས་སྐབས་ངལ་ནུས་ཕྱིར་གཏོང་གི་ལས་གནས་མཁོ་འདོན་བྱས་པར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར7000ལྷག་ཙམ་འཕར་བ་དང་ཆབས་ཅིག་སློབ་ཆེན་སློབ་ཐོན་སློབ་མ་དང་། རྫོང་རིམ་པའི་མངོན་མིན་རིག་གནས་རྒྱུན་འཛིན་པ། དེ་བཞིན་དབང་པོ་སྐྱོན་ཅན་སོགས་མི25ལ་གཏན་འཇགས་ལས་ཞུགས་མཁོ་དོན་བྱས་ཡོད། གཞན་ཡང་སྤྱི་ལོ2017ལོ་ནས་བཟུང་ཀུང་སིས་ལོ་ལྟར་མ་དངུལ་སྒོར་ཁྲི18ཙམ་བཏང་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས3ནས4བར་ཧོ་ནན་དང་། ཧྥུ་ཅན། ལྷ་ས་སོགས་སུ་གཡང་ཊི་བརྐོས་དཀྲོལ་གྱི་ལག་རྩལ་སློབ་སྦྱོང་བྱེད་པར་མངགས་ཐོག་གཅིག་ནས་ལག་རྩལ་གྱི་རྐང་འཛིན་པ་གསོ་སྐྱོང་དང་གཉིས་ནས་ས་གནས་དེ་གའི་ཞིང་པའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་གང་ཐུབ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2023ལོར་ཀུང་སི་དེ་སླར་ཡང་གྲོང་གསེབ་དར་རྒྱས་གཏོང་བའི“ཁག་བཞིའི”རོགས་སྐྱོར་བྱ་ཡུལ་ནང་བཅུག་པ་དང་མ་དངུལ་སྒོར་ཁྲི700ཡི་རོགས་སྐྱོར་ཐོབ་ནས་བཟོ་ཁང་རྒྱས་སྐྲུན་དང་སྒྲིག་ཆས་ཁ་སྣོན་བྱས་པས། ལག་རྩལ་རིམ་སྤོར་དང་ཐོན་རྫས་གསར་གཏོད་བྱེད་མགྱོགས་སུ་ཕྱིན་པ་དང་བསྟུད་མར་སྤུས་ཚད་མཐོ་བའི་ཐོན་སྐྱེད་མངོན་འགྱུར་བྱུང་ནས་སྔོན་མ་ཐོན་རྫས་ཀྱི་དགོས་མཁོ་མི་འདང་བའི་གནད་དོན་ཐག་གཅོད་གང་ལེགས་ཐུབ་པ་དང་འཛད་སྤྱོད་པའི་ཉོ་སྒྲུབ་དགོས་མཁོ་སྐོང་ཐུབ་པ་དང་ཆབས་ཅིག་ཞིང་པ་མང་ཚོགས་དང་སློབ་ཆེན་སློབ་མ་དེ་བས་མང་བ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号