ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སི་ཁྲོན་དང་ཧྲའན་ཞི་ཞིང་ཆེན་གཉིས་ལ་ཆེད་དོན་མ་དངུལ་སྒོར་ཁྲི2700གཏོང་སྤྲོད་བྱས་ནས་འབྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ།

ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སི་ཁྲོན་དང་ཧྲའན་ཞི་ཞིང་ཆེན་གཉིས་ལ་ཆེད་དོན་མ་དངུལ་སྒོར་ཁྲི2700གཏོང་སྤྲོད་བྱས་ནས་འབྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་ལ་རྒྱབ་སྐྱོར་ཐད་སྤྱོད་རྒྱུ་རེད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་ཚན་རིག་དང་མཐུན་པའི་རོགས་སྐྱོབ་ལ་དོ་སྣང་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་ཞིབ་ཞིབ་ཚགས་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བཅས་བྱེད་དགོས་པའི་བླང་བྱ་བཏོན། མིག་སྔར“བདུན་པའི་སྨད་དང་བརྒྱད་པའི་མགོ”ཡི་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད་པས། ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་གཟབ་ནན་དུ་བཏང་སྟེ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་པ་དང་། སྐོར་ཞིབ་དང་ཉེན་ཁ་སེལ་བར་ཤུགས་སྣོན་པ། བྱེད་ཐབས་ཁག་དོན་འཁྱོལ་དང་ཞིབ་ཚགས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ལས་རེས་དང་སྔོན་ལ་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། རང་དཔེ་གཞན་སྟོན་དང་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ཏེ། གནོད་འཚེ་ཚབས་ཆེ་ཤོས་དང་ཉེན་སེལ་དཀའ་ངལ་ཆེ་ཤོས། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་བཅས་ཀྱི་ས་ཆར་བསྐྱོད་ནས། ཡུལ་དངོས་ཀྱི་བཀོད་གཏོང་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ས་སྲུང་འགན་འཁྲི་གཙང་སྒྲུབ་དང་སྔོན་ལ་གདོང་མཆོང་བྱས་ཏེ། འབྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ནན་གྱིས་བསྟན་དོན། ཏང་དངུལ་དེ་དུས་ཐོག་ཏུ་གཞི་རིམ་ལ་སྤྲོད་དགོས་པ་དང་གཙོ་བོ་འབྲུབ་འགོག་གེགས་སེལ་ཉེན་སེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེན་ཕོག་པའི་དབང་གིས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པའི་ཐད་སྤྱོད་པ་དང་། གནོད་འཚེ་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོའི་ཐད་སྤྱོད་དགོས། འབྲེལ་ཡོད་ཞིང་ཆེན་གྱིས་དོན་དངོས་ལ་གཞིགས་ནས་རིམ་པ་དེ་གའི་དོ་དམ་ཏང་དངུལ་ཁྲོད་ཆ་སྡེབ་མ་དངུལ་དོན་འཁྱོལ་བྱས་ཏེ། དུས་ཐོག་ཏུ་གཞི་རིམ་ལ་གཏོང་སྤྲོད་བྱས་ནས་འབྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་ཐད་སྤྱད་དེ་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号