སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་ཝང་ཧུའུ་ཉིང་ཡོ་ནན་དུ་ཕེབས་ནས་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་པ།

ཟླ7པའི་ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཡོ་ནན་གྱི་རྒྱལ་ས་ཧི་ནའེ་རུ་ཡོ་ནན་གྱི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས།

ཟླ7པའི་ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཡོ་ནན་གྱི་རྒྱལ་ས་ཧི་ནའེ་རུ་ཡོ་ནན་གྱི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་པ་མ་ཟད། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ཡོ་ནན་གྱི་ཙུང་ལི་ཧྥན་མིན་ཀྲིན་སོགས་ཡོ་ནན་གུང་ཁྲན་ཏང་གི་ཀྲུང་དབྱང་མགོ་ཁྲིད་པར་ཐུག་འཕྲད་གནང་།

མྱ་ངན་ཞུ་བའི་མཛད་སྒོ་ཡོ་ནན་རྒྱལ་ཁབ་པུར་ཁང་དུ་འཚོགས་པ་རེད། རོན་ཧྥུའུ་ཀྲུང་གི་པུར་སྒམ་མེ་ཏོག་སོས་པའི་ཁྲོད་བཞག་པ་དང་། དེའི་ཐོག་ཡོ་ནན་གྱི་རྒྱལ་དར་ཆེན་པོ་བཀབ་ཡོད་པས། ཡུལ་དངོས་ཀྱི་རྣམ་པ་བརྗིད་ཉམས་ལྡན་པ་ཞིག་རེད། ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་ཚབ་ཀྱི་མིང་ཐོག་ནས་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། རོན་ཧྥུའུ་ཀྲུང་གི་པུར་སྒམ་མདུན་དུ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་འབྲེལ་གུས་འདུད་ཐེངས་གསུམ་ཞུས་པ་མ་ཟད། རོན་ཧྥུའུ་ཀྲུང་གི་ལྕམ་མོ་ཝུའུ་ཧྲི་རྨིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་མྱ་ངན་ཞུ་དེབ་ཐོག་ལན་འཕྲིན་ཡང་བཞག

སུའུ་ལིན་སོགས་ཡོ་ནན་ཕྱོགས་ཀྱི་མགོ་ཁྲིད་པ་དང་ཐུག་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་རོན་ཧྥུའུ་ཀྲུང་སྟབས་མ་ལེགས་པར་ཚེ་ལས་འདས་པར་ང་ཚོས་སེམས་སྡུག་ཆེན་པོ་བྱེད་ཀྱིན་ཡོད། བློ་མཐུན་རོན་ཧྥུའུ་ཀྲུང་སྐུ་གཤེགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་ཀྲུང་གོར་སྡོད་པའི་ཡོ་ནན་གཞུང་ཚབ་ཁང་དུ་མྱ་ངན་ཞུ་བར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཁོང་གི་དམིགས་བསལ་འཐུས་ཚབ་དུ་མངགས་ནས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་མྱ་ངན་ཞུ་བར་ཕེབས་པ་དང་། ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་རོན་ཧྥུའུ་ཀྲུང་ལ་མྱ་ངན་ཟབ་མོ་ཞུས་པ་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དང་བློ་མཐུན་རོན་ཧྥུའུ་ཀྲུང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མཚོན་པ་ཡིན། དམིགས་བསལ་གྱི་དུས་སྐབས་འདིར་ཀྲུང་གོའི་ཏང་དང་མི་དམངས་ཀྱིས་ཡོ་ནན་གྱི་ཏང་དང་མི་དམངས་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་རོན་ཧྥུའུ་ཀྲུང་ནི་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་དང་། ཡོ་ནན་གུང་ཁྲན་ཏང་དང་ཡོ་ནན་མི་དམངས་ཀྱི་རླབས་ཆེའི་མགོ་ཁྲིད་པ། ཀྲུང་གོའི་མི་དམངས་ཀྱི་རླབས་ཆེའི་གྲོགས་པོ་བཅས་ཡིན། ཁོང་སྐུ་གཤེགས་པ་ནི་ཡོ་ནན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་ཐ་ན་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་གི་གྱོང་གུན་ཆེན་པོ་ཞིག་རེད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཡོ་ནན་ཏང་གིས་ཡོ་ནན་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་དེ་གའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། ཡོ་ནན་གྱི་གསར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཡོ་ནན་གུང་ཁྲན་ཏང་གིས་བློ་མཐུན་རོན་ཧྥུའུ་ཀྲུང་གི་ཏང་སྐྱོང་བའི་བསམ་བློའི་འདུ་ཤེས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས། ཡོ་ནན་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཤིང་། ཡོ་ནན་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱེད་བཞིན་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སེམས་ཤུགས་འབོར་ཆེན་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་ལྷིང་དང་ཡག་པོའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་ཚོགས་པའི་མཐོ་ཚད་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ན་ནིང་ཡོ་ནན་དུ་འཚམས་འདྲི་གནང་བར་ཕེབས་སྐབས་བྱུང་བའི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཡོ་ནན་གྱི་མཛའ་མཐུན་དམངས་སེམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་དང་དོན་དངོས། སྲ་བརྟན་ཡུན་རིང་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

ཡོ་ནན་ཕྱོགས་ཀྱིས་བསྟན་དོན། བློ་མཐུན་རོན་ཧྥུའུ་ཀྲུང་སྐུ་གཤེགས་རྗེས། ཀྲུང་གུང་ཀྲུང་དབྱང་གིས་འཕྲལ་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོར་སྡོད་པའི་ཡོ་ནན་གཞུང་ཚབ་ཁང་དུ་མྱ་ངན་ཞུ་བར་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཝང་ཧུའུ་ཉིང་མངགས་ནས་དམིགས་བསལ་སྐུ་ཚབ་བྱས་ཏེ་མྱ་ངན་ཞུ་བར་ཕེབས་ལ། དེས་ཡོ་ནན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ལ་བཅངས་པའི་དམིགས་བསལ་གྱི་བརྩེ་དུང་མཚོན་པ་དང་། ཡོ་ནན་ཕྱོགས་ལ་སེམས་འགུལ་ཟབ་མོ་ཐེབས་པ་མ་ཟད། མག་ོཁྲིད་པ་རྒན་རབས་པ་དང་བློ་མཐུན་རོན་ཧྥུའུ་ཀྲུང་གིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཆོད་སེམས་དེ་བས་སྲ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ནི་ཡོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཁྲོད་དམིགས་བསལ་གྱི་རྒྱུ་རྐྱེན་ཚང་མ་ལྡན་པའི་རྒྱལ་ཁབ་འབའ་ཞིག་ཡིན། ཡོ་ནན་ཕྱོགས་ཀྱིས་བློ་མཐུན་རོན་ཧྥུའུ་ཀྲུང་གིས“ཡོ་ནན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ཟབ་མོ་དང་བློ་མཐུན་དང་སྤུན་ཟླའི་མཛའ་མཐུན”གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བརྩིས་ཏེ། བློ་མཐུན་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞིར་བཟུང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་དབང་གི་ཐུན་མོང་ཚོགས་པ་བསྐྲུན་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་བཏོན་པ་དེས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་ལ། ཡོ་ནན་གྱིས་གསར་བཅོས་སྒོ་དབྱེའི་བྱ་གཞག་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བར་དཔྱད་གཞི་དང་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱེད་ཐུབ། 

ཧི་ནའེ་རུ་སྡོད་སྐབས། ཝང་ཧུའུ་ཉིང་གིས་ད་རུང་ཁ་ཆད་ལྟར་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པའི་ཁུ་པའི་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སའོ་ལ་ཐུག་འཕྲད་གནང་།

ཝང་ཏུང་ཧྥུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号