ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིGDPདུས་མཉམ་ལས5.0%འཕར་བ།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས1ཉིན་གཞི་གྲངས་ཁྱབ་བསྒྲགས་བྱས་ཤིང་། རགས་རྩིས་བྱས་པ་ལྟར་ན། ལོ་སྟོད་དུ་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོརGDPསྒོར་དུང་ཕྱུར61686ཟིན་ནས་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་རྣམ་པ་བཟང་པོར་འགྱུར་བ་དང་། འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ཞིང་། བརྟན་པོའི་ངང་ནས་གོང་དུ་འཕེལ་བཞིན་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པས་འཛམ་གླིང་ཡོངས་ཀྱི་གནས་ཚད་དུ་བཞག་ནས་ལྟ་ཞིབ་བྱས་ན། རང་རྒྱལ་གྱི་དཔལ་འབྱོར་མཚོན་ཚུལ་སྔར་བཞིན་ཅུང་ལེགས་པ་དང་། དུས་ཚིགས་རེརGDPའཕར་ཚད་ཨ་རི་དང་ཡོར་སྒོར་ཁུལ། འཇར་པན་སོགས་ཀྱིས་དུས་ཚིགས་གཉིས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཟུང་འབྲེལ་བྱས་ཏེ། སྔོན་དཔག་བྱས་ན་ལོ་སྟོད་དུ་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་སྔར་བཞིན་སྔོན་ལ་གནས་རྒྱུ་ཡིན་པ་དང་། སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་བྱེད་འཕྲུལ་འཁོར་གལ་ཆེན་དང་བརྟན་པོའི་སྟོབས་ཤུགས་ཡིན།

དུས་ཚིགས་བགོས་ནས་བལྟས་ན། དུས་ཚིགས་དང་པོའིGDPདུས་མཚུངས་ལས5.3%འཕར་བ་དང་། དུས་ཚིགས་གཉིས་པར4.7%འཕར་ཡོད།

དུས་ཐུང་གི་ངོས་ནས་བལྟས་ན། དུས་ཚིགས་གཉིས་པའི་དཔལ་འབྱོར་འཕར་ཚད་ཆག་པར་གནམ་གཤིས་དང་ཆར་ཞོད་ཀྱི་གནོད་འཚེ་མང་བ་སོགས་དུས་ཡུན་ཐུང་བའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་ཡང་ཇེ་མང་དུ་ཕྱིན་ཡོད། ལྷག་པར་དུ་རྒྱལ་ནང་གི་དགོས་མཁོ་མི་འདང་བའི་གནད་དོན་ཅུང་ཆེ་བའི་རྒྱལ་ནང་གི་འཁོར་རྒྱུགས་ཆེ་བ་སོགས་ཀྱང་མཚོན་ཡོད། འོན་ཀྱང་གཞི་རྩའི་ངོས་ནས་བལྟས་ན། དུས་ཡུན་འབྲིང་རིང་ནས་བལྟས་ན། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་། དུས་ཡུན་རིང་པོར་བཟང་ཕྱོགས་སུ་འགྱུར་བ་བྱུང་མེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་མེད་ཅེས་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པས་དེ་ལྟར་བཤད།

དབྱར་ཁར་སླར་ཡང་ལོ་ལེགས་བྱུང་བ་དང་བཟོ་ལས་ཐོན་སྐྱེད་འཕར་སྣོན་མགྱོགས་མྱུར་བྱུང་སྟེ། ཞབས་ཞུའི་ལས་རིགས་མུ་མཐུད་སླར་གསོ་བྱུང་། ལོ་སྟོད་དུ་ཞིང་ལས་འདེབས་འཛུགས་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས4.0%འཕར་ཡོད། རྒྱལ་ཡོངས་ཀྱི་དབྱར་འབྲུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི1497ཟིན་པ་དང་། ལོ་གོང་མ་ལས་ཏུན་ཁྲི363.5འཕར་ཡོད། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས6.0%འཕར་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས4.6%འཕར་ཡོད།

ཚོང་རའི་ཕྱིར་ཚོང་འཕར་ཚད་རྒྱུན་འཁྱོངས་བྱས་པ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་རྒྱ་བསྐྱེད་པ། ལོ་སྟོད་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར235969ཟིན་པ་དེ་དུས་མཚུངས་ལས3.7%འཕར་ཡོད། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ཞིང་ཁྱིམ་མི་འདུ་བའི་སྒོར་དུང་ཕྱུར245391ཟིན་པ་དེ་དུས་མཚུངས་ལས33.9%འཕར་བ། ས་ཁང་བདག་ཁོངས་གསར་སྤེལ་གྱི་མ་དངུལ་འཐེན་པ། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད8.5འཕར་ཡོད།

དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་ངང་འཕར་བ་དང་། ཉོ་ཚོང་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱུང་བ། ལོ་སྟོད་དུ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར21168ཟིན་པ་དེ་དུས་མཚུངས་ལ6.1%འཕར་ཡོད། སྤྱིར་བཏང་གི་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི5.2%ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི60%ཟིན་ཡོད།

གྲོང་མིའི་འཛད་སྤྱོད་རིན་གོང་ཞི་འཇམ་ངང་བསྐྱར་འཕར་བྱུང་བ་དང་། ལས་ཞུགས་གནས་བབ་སྤྱི་ཡོངས་ནས་བརྟན་བརླིང་ཡིན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངསCPIདུས་མཚུངས་ལ0.1%འཕར་བ་དང་། ཟས་རིགས་དང་ནུས་ཁུངས་ཀྱི་རིན་གོང་འཐེན་རྗེས་ཀྱི་ལྟེ་བའིCPIའཕར་ཡོད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་ཆ་སྙོམས་སུ་བརྒྱ་ཆའི་ཚེག5.1ཟིན་པ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་ཚེག0.1ཆག་པ་དང་། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་ཚེག0.2ཆག་ཡོད།

གྲོང་མིའི་ཡོང་འབབ་མུ་མཐུད་འཕར་བ། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20733ཟིན་པ་དེ་དུས་མཚུངས་ལས་མིང་ཐོག་ནས5.4%འཕར་བ་དང་རིན་གོང་གི་རྒྱུ་རྐྱེན་དངོས་སུ5.3%འཕར་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ལོ་སྨད་ལ་རྒྱང་ལྟ་བྱས་ཤིང་། ཕྱིའི་ཁོར་ཡུག་གཏན་འཇགས་མིན་པ་དང་ངེས་གཏན་མིན་པའི་རང་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། རྒྱལ་ནང་གི་དཀའ་ངལ་གྱི་འགྲན་སློང་སྔར་བཞིན་མི་ཉུང་བ་ཞིག་སྔར་བཞིན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་ཚད་མཐོའི་མཐོང་ཆེན་དང་། མིག་སྔའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཧུར་ཐག་གིས་ཁ་གཏད་འཇལ་བ། ཐོན་སྐྱེད་ནུས་ཤུགས་གསར་པ་རྒྱུན་ཆད་མེད་པར་གསོ་སྐྱོང་དང་ཇེ་ཆེར་གཏོང་བ། དཔལ་འབྱོར་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་སྤུས་ཚད་མཐོར་འདེགས་དང་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཅས་གཏོང་དགོས་པར་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号