ཝང་དབྱིས་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨར་ཏུའོ་ལ་ཁ་པར་བཏང་བ།

ཟླ7པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིས་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱིས་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨར་ཏུའོ་ལ་ཁ་པར་བཏང་།

ཞི་ཡ་ཨར་ཏུའོ་ཡིས་མིག་སྔའི་གནས་བབ་དང་ཁྱད་པར་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བཟུང་བའི་ལྟ་ཚུལ་དང་ཧང་ཕྱོགས་ཀྱི་ཉེ་ལམ་གྱི་འབད་བརྩོན་ངོ་སྤྲོད་བྱས་ནས། ཀྲུང་གོ་ནི་ཞི་བདེ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལག་གདང་སྦྲེལ་ནས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྔོན་འགོག་བྱེད་འདོད་ཡོད་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། ཨོའུ་ཨར་པན་གྱི་ཙུང་ལི་ཉེ་ལམ་ཆེད་དུ་ཀྲུང་གོར་ཡོང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་དང་ཞི་བདེ་དང་འབྲེལ་བ་ཡོད་པའི་གྲོས་གཞི་གལ་ཆེན་ལ་འཐབ་ཇུས་ཀྱི་འབྲེལ་འདྲིས་བྱས་པས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཕན་ཚུན་ཡིད་ཆེས་དང་མཛའ་བརྩེ་མངོན་པར་མཚོན་ཡོད། ཧང་ག་རིས་ཞི་བདེའི་ཆེད་དུ་བར་འདུམ་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བལྟས་ན། མིག་སྔའི་ཆེས་དགོས་གཏུག་ཆེ་བའི་དོན་དག་དང་ཆེས་དངོས་ཡོད་ཀྱི་དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་གནས་བབ་མགྱོགས་མྱུར་ངང་ཇེ་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཕྱོགས་སོ་སོས་གང་མགྱོགས་ཀྱིས་གཡུལ་སར་མི་འགྲོ་བ་དང་། དམག་འཁྲུག་རིམ་སྤར་མི་བྱེད་པ། ཕྱོགས་སོ་སོས་མེ་ལ་གཞུས་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་པ་དང་གྲོས་མོལ་བྱེད་པར་མཐུན་རྐྱེན་བསྐྲུན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ་ཞི་བདེའི་སྟོབས་ཤུགས་སྔར་ལས་མང་བའི་སྒོ་ནས་ཆབ་སྲིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号