ཞི་ཅིན་ཕིང་གིས་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་བ།

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཨུན་པ་ལའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། 

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཅི་ནེ་ཡ་པི་ཧྲའོ་ཡི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་གཏོང་བར་མཐའ་གཅིག་ཏུ་འཐད་པ་བྱུང་།

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཅི་ནེ་ཡ་པི་ཧྲའོ་ཡི་བར་དམིགས་བསལ་མཛའ་མཐུན་གྱི་ལོ་རྒྱུས་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་དམ་དུ་སོང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་སོང་ལ། དངོས་གཉེར་མཉམ་ལས་སྔར་ལས་རྒྱ་སྐྱེད་པ་དང་། རྒྱལ་སྤྱིའི་མཐུན་སྦྱོར་སྔར་ལས་དམ་ཟབ་ཏུ་བཏང་། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོ་ཡིས་རང་བདག་སྒོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཅི་ནེ་ཡ་པི་ཧྲའོ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཅི་ནེ་ཡ་པི་ཧྲའོ་ཡིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྔར་ལས་བཟང་བོར་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོའི་བར་གྱི་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་སྣེ་ཁྲིད་དུ་བྱས་ནས། ཞིང་ལས་དང་གཏེར་ལས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྔོན་པོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་འདོད་ཡོད། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོ་ཡི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྲུང་གོའི་ཚོང་རར་བསྐྱོད་པར་དགའ་བསུ་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཅི་ནེ་ཡ་པི་ཧྲའོ་རུ་སོང་ནས་དངུལ་གཏོང་མཉམ་ལས་བྱེད་པར་སྐུལ་སློང་གཏོང་བ། ཅི་ནེ་ཡ་པི་ཧྲའོ་ཡིས་ཐོན་ཁུངས་ཀྱི་སྦས་ཤུགས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་རོགས་འདེགས་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ཅི་ནེ་ཡ་པི་ཧྲའོ་ཡི་རྒྱལ་ནང་གི་འཛུགས་སྐྲུན་ཐད་རང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། མུ་མཐུད་དུ་ཆུ་འབྲས་ལག་རྩལ་ཆེད་མཁས་པ་དང་སྨན་བཅོས་རུ་ཁག་མངག་གཏོང་བྱས་ནས། ཅི་ནེ་ཡ་པི་ཧྲའོ་ཡི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་སྤྱི་ཐུན་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་མུ་མཐུད་དུ་སྲིད་གཞུང་གི་བྱ་དགའི་སློབ་རོགས་དངུལ་དང་གསོ་སྦྱོང་མི་གྲངས་འདོན་སྤྲོད་བྱས་ཏེ། ཅི་ནེ་ཡ་པི་ཧྲའོ་ཡིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་མཁོ་བའི་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀར་འོད་སྟོང་འབར་བའི་རིག་གནས་ཡོད་པ་དང་། ཕྱོགས་གཉིས་ཀར་མི་སེར་སྤེལ་བ་དང་བཙན་འཛུལ་བྱས་པའི་ལོ་རྒྱུས་ཡོད་ལ། ཕྱོགས་གཉིས་ཀས་མི་རིགས་རང་བཙན་དང་བཅིངས་འགྲོལ་ལ་གཅེས་སྤྲས་དང་འཚོལ་སྙེག་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་བར་གྱི་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་ནི་རྣམ་དག་ཟོལ་མེད་ཡིན་པ་དང་། བཅོས་མིན་མཛའ་མཐུན་གྱི་སྤུན་ཟླ་བཟང་བོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཡིན་ཞིང་། གནས་བབ་གསར་བའི་འོག་ང་ཚོས་མཉམ་འབྲེལ་སྒོས་དུས་རབས་གསར་བ་གསར་སྐྲུན་བྱེད་འོས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལག་བསྟར་བྱེད་པ་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཡིན། གཟའ་འཁོར་གཉིས་ཀྱི་སྔོན་ལ། ང་ཚོས་པེ་ཅིན་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་འཁོར70ལོན་པའི་རྗེས་དྲན་བྱ་འགུལ་གཟབ་རྒྱས་ངང་བསྡུས་པ་དང་། ད་ལོའི་སྟོན་ཀར་པེ་ཅིན་ནས་སྐབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་བསྡུ་རྒྱུ་ཡིན། ཀྲུང་གོས་ཅི་ནེ་ཡ་པི་ཧྲའོ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་གཏོང་བ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཇུས་ཆེད་ལ་མཉམ་དུ་གྲོས་སྡུར་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། མཉམ་དུ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཨུན་པ་ལའོ་ཡིས་བསྟན་དོན། ང་དང་འཐུས་ཚབ་ཚོགས་པས་ཀྲུང་གོར་ཐོན་པའི་སྐབས་དེ་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་ཨ་ཧྥེ་རི་ཁའི་སྤུན་སྤར་བཅངས་པའི་བརྩེ་སེམས་ཟབ་མོར་མྱོང་ཚོར་གང་ལེགས་བྱུང་། ཅི་ནེ་ཡ་པི་ཧྲའོ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་ཞིང་སྲ་བརྟན་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཅི་ནེ་ཡ་པི་ཧྲའོ་དཀའ་ཁག་ལ་ཐུག་དུས། ཀྲུང་གོས་འཛེམ་དོགས་སྤུ་ཙམ་ཡང་མི་བྱེད་པར་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པ་དང་། ཅི་ནེ་ཡ་པི་ཧྲའོ་ཡི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ང་ཚོ་སྔར་བཞིན་དུ་བློ་རྩ་བརྟན་པོས་ཀྲུང་གོ་དང་མཉམ་དུ་འགྲེང་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱེད་ཅིང་། ཀྲུང་གོས་ཐེ་ཝན་སོགས་ཁེ་ཕན་གཙོ་བོའི་གནད་དོན་སྟེང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཅི་ནེ་ཡ་པི་ཧྲའོ་ཡིས་ཀྲུང་གོས་བླངས་པའི་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྩི་འཇོག་ཡིད་སྨོན་བྱེད་པ་དང་། ཀྲུང་གོ་ཕྱི་འབྲེལ་གྱི་ཆེས་སྔོན་འགྲོའི་ཁ་ཕྱོགས་དང་ཆེས་གལ་ཆེ་བའི་མཉམ་ལས་གྲོགས་པོ་རུ་བརྩིས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་གྱི་དངུལ་གཏོང་དང་རྨང་གཞི་སྒྲིག་ཆས། གཏེར་ཐོན་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བར་རོགས་ཤུགས་འདོན་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོས་ནམ་ཡང་མི་སེར་མི་སྤེལ་བ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ནམ་ཡང་ཐེ་གཏོགས་མི་བྱེད་ལ། རྒྱལ་ཁབ་གཞན་པར་བཀོད་འདོམས་མི་བྱེད་པ་དང་། རྒྱལ་ཁབ་ཆུང་བར་ནམ་ཡང་འདྲ་མཉམ་དང་བརྩི་བཀུར་བྱེད་ཀྱིན་ཡོད་ཅིང་། ནམ་ཡང་ཁ་བཤད་ལག་བསྟར་དང་ཁ་ཞེ་གཉིས་མེད་བྱེད་ཀྱིན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཁྱེར་ཡོང་བ་ནི་སློབ་གྲྭ་དང་སྨན་ཁང་། གཞུང་ལམ་སོགས་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་མཉམ་ལས་རྣམ་གྲངས་ཡིན། ཅི་ནེ་ཡ་པི་ཧྲའོ་ཡིས་ཀྲུང་གོས་ཨ་ཧྥེ་རི་ཁའི་སྐམ་ས་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པ་དང་བྱས་རྗེས་ཆེན་པོ་བཞག་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་སྐབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་བསྡུ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཅི་ནེ་ཡ་པི་ཧྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་གཞི་དང་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་གཞི། འཛམ་གླིང་བདེ་འཇགས་ཀྱི་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་མང་ལས་སྒོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་། གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་། 

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་འཛམ་གླིང་འཕེལ་རྒྱས་གྲོས་གཞི་ལག་བསྟར་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྒོ་ཁྲལ་གྱི་ཞིབ་དཔྱད་རིམས་དཔྱད། ས་གཤིས་དང་གཏེར་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་དང་ཅི་ནེ་ཡ་པི་ཧྲའོ་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་། གྲོས་མོལ་མ་གནང་གོང་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཨུན་པ་ལའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཨུན་པ་ལའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཨུན་པ་ལའོ་དང་ལྕམ་མོ་ཏིས་ཉི་ཞི་ཡ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཨུན་པ་ལའོ་ཐོན་མ་ཐག གུས་ཞབས་དམག་གིས་རུ་བསྟར་སྒྲིག་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཀུའེ་ནེ་ཡཱ་པུ་སོ་ཡི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཉེར་གཅིག་འཕངས། ཨུན་པ་ལའོ་ཡིས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་བལྟས།

ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཅི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨུན་པ་ལའོ་དང་གྲོས་མོལ་གནང་། གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཨུན་པ་ལའོ་དང་ལྕམ་མོ་ཏིས་ཉི་ཞི་ཡ་དང་མཉམ་དུ་འདྲ་པར་བསྐྱོན། 

ཉིན་དེའི་དགོར་མོར། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨུན་པ་ལའོ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གི་བྱ་འགུལ་དག་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号