ཝང་ཧུའུ་ཉིང་རྒྱལ་ནང་འཁོར་རྒྱུག་ཆེན་མོ་བཀག་མེད་ཡོང་བར་རྟོག་ཞིབ་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ7པའི་ཚེས8ཉིན། རྒྱལ་ནང་འཁོར་རྒྱུག་ཆེན་མོ་བཀག་མེད་ཡོང་བར་རྟོག་ཞིབ་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། 

རྒྱལ་ནང་འཁོར་རྒྱུག་ཆེན་མོ་བཀག་མེད་ཡོང་བར་རྟོག་ཞིབ་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་ཚེས8ཉིན་པེ་ཅིང་དུ་འཚོགས་པ་དང་། དམངས་གཙོའི་ཏང་ཁག་ཀྲུང་དབྱང་དང་འབྲེལ་ཡོད་ཀྱི་གཙོ་གནད་རྟོག་ཞིབ་གྲུབ་འབྲས་སྐོར་ལ་གྲོས་མོལ་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བརྒྱ་ལོ་གཉིས་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་ཡོང་བར་རྐང་བཙུགས་ཤིང་། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པར་འཐབ་ཇུས་འགོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་ནང་འཁོར་རྒྱུག་ཆེན་མོ་བཀག་མེད་ཡོང་བའི་དོན་སྙིང་གལ་ཆེན་དང་ལག་ལེན་གྱི་བླང་བྱ་དམ་འཛིན་ནན་མོ་བྱས་ཏེ། བློ་གྲོས་འདོན་པ་དང་རྒྱལ་དོན་སྐྱོང་རོགས་བྱེད་པའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ནང་འཁོར་རྒྱུག་ཆེན་མོ་བཀག་མེད་ཡོང་བ་ནི་རང་རྒྱལ་གྱི་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་བའི་འཐབ་ཇུས་ཀྱི་གདམ་ག་ཡིན། རྒྱལ་ནང་འཁོར་རྒྱུག་ཆེན་མོ་བཀག་མེད་ཡོང་བར་གཞིགས་ནས་རྒྱུན་མཐུད་སྒོས་ཞིབ་འཇུག་གཏིང་ཟབ་སྤེལ་བ་དང་། སྤུས་ཚད་མཐོ་བའི་རྟོག་ཞིབ་གྲུབ་འབྲས་མངོན་འགྱུར་འབྱུང་དགོས། རང་རྒྱལ་གྱི་གསར་དར་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་བསྟན།

དམངས་གཙོའི་བཅོས་སྒྱུར་གྱི་ཀྲུང་དབྱང་ཀྲུའུ་ཞི་ཀྲིན་ཅཱན་པང་དང་། དམངས་གཙོའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཏིན་ཀྲུང་ལིས། ཀྲི་ཀུང་ཏང་གི་ཀྲུང་དབྱང་ཀྲུའུ་ཞི་ཅང་ཙའོ་ཅུན། དགུ་གསུམ་སློབ་ཚོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་མནའ་འབྲེལ་གྱི་ཀྲུང་དབྱང་ཀྲུའུ་ཞི་སུའུ་ཧའེ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་དུ་རྟོག་ཞིབ་གྲུབ་འབྲས་ངོ་སྤྲོད་བྱས་པར་མ་ཟད། ནུས་མཐོ་ཐོགས་མེད་ཀྱི་དེང་རབས་འགྲོ་རྒྱུག་མ་ལག་བསྐྲུན་པ་དང་། དེང་རབས་ཚོང་ཟོག་ཉོ་ཚོང་འགྲོ་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་འགག་གནད་ཐག་གཅོད་བྱེད་པ་དང་། གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་བཀག་མེད་ཡོང་བར་བྱེད་ཅིང་། ཁུལ་ཁོངས་དཔལ་འབྱོར་རྣམ་པ་ལེགས་སྒྱུར་བྱས་ནས་འཕེལ་གནས་གསར་བ་བསྐྲུན་པ་སོགས་ཀྱི་ཐད་ལ་དངོས་གཉེར་དོན་ལྡན་གྱི་སྲིད་ཇུས་ཀྱི་གྲོས་གཞི་བཏོན།

ཧྲི་ཐེ་ཧྥིན་གྱིས་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་པུའུ། ནོར་སྲིད་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་རྣམས་ཀྱིས་ཏང་ཕྱིའི་མི་སྣ་དང་མཉམ་དུ་གྲོས་མོལ་བརྗེ་རེས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号