ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་ལ“མཛའ་བརྩེའི་གཟེངས་རྟགས”གནང་།

ས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་ཡི་ཙུང་ཐུང་བཞུགས་ཤག་ཏུ་གཟེངས་རྟགས་གནང་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་ལ“མཛའ་བརྩེའི་གཟེངས་རྟགས”གནང་། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱག་འཇུ་མཛད་པའི་ཚུལ་རེད། 

ས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་ཡི་ཙུང་ཐུང་བཞུགས་ཤག་ཏུ་གཟེངས་རྟགས་གནང་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་ལ“མཛའ་བརྩེའི་གཟེངས་རྟགས”གནང་།

ཙུང་ཐུང་ལས་ཤག་གི་མེ་ལོང་ཚོམས་ཆེན་དུ་འོད་སྟོང་འཕྲོ་ཞིང་། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལ་བཀྲག་མདངས་འཚེར།  རྒྱབ་ལྗོངས་དམར་པོའི་སྟེང་གསེར་མདོག་གི“མཛའ་བརྩེའི་གཟེངས་རྟགས”ཀྱི་རི་མོ་དེ་མིག་སྔར་ཤིན་ཏུ་གསལ།

བརྗིད་ཉམས་ལྡན་པའི་གུས་ལུགས་རོལ་དབྱངས་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་དང་ལ་ཧི་མོན་གཉིས་མཉམ་དུ་ཚོམས་ཆེན་གྱི་གཟེངས་རྟགས་སྤྲོད་པའི་སྟེགས་བུའི་སྟེང་ཕེབས།

ས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་ཡི་ཙུང་ཐུང་བཞུགས་ཤག་ཏུ་གཟེངས་རྟགས་གནང་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་ལ“མཛའ་བརྩེའི་གཟེངས་རྟགས”གནང་། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱག་འཇུ་མཛད་པའི་ཚུལ་རེད། 

དམག་དཔུང་གི་རོལ་དབྱངས་རུ་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ།

ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་ང་ཚོས་མཛད་སྒོ་གཟབ་རྒྱས་བསྡུས་ནས་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་སྟེ།  ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་གཟི་བརྗིད་གཟེངས་རྟགས་མཐོ་ཤོས་ཏེ། “མཛའ་བརྩེའི་གཟེངས་རྟགས་”གནང་བ་ཡིན། དེ་ནི་ཀྲུང་གོས་ཕྱི་རྒྱལ་དུ“མཛའ་བརྩེའི་གཟེངས་རྟགས”གནང་ཐེངས་དང་པོ་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཙུང་ཐུང་ལ་ཧི་མོན་དང་ཐ་ཅི་ཁི་སི་ཐན་མི་དམངས་ཀྱི་མཛའ་བརྩེའི་མཚོན་བྱེད་དུ་ཆེད་དུ་བཀོད་སྒྲིག་བྱས་པ་ཞིག་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ལ་ཧི་མོན་ནི་ཡོ་རོབ་དང་ཨེ་ཤ་ཡའི་ས་ཁུལ་གྱི་བསླབ་པ་རྒན་གྲས་ཀྱི་མགོ་ཁྲིད་དང་ཆབ་སྲིད་པ། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བ་གསར་གཏོད་པ་དང་སྐུལ་འདེད་མཁན་ཡིན།  ཙུང་ཐུང་ལ་ཧི་མོན་དང་ཀྲུང་གོའི་མགོ་ཁྲིད་པའི་སེམས་ཁུར་དང་སྐུལ་འདེད་ཆེན་པོའི་འོག ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པར་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་།  ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་ཞིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་མི་སེམས་སུ་ཟུག་ཡོད། ན་ནིང་ང་དང་ཙུང་ཐུང་ལ་ཧི་མོན་གཉིས་ཀྱིས་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་དང་སྐྱིད་སྡུག་མཉམ་འབྲེལ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསར་པ་གསལ་སྟོན་བྱས་པ་དང་དམིགས་འབེན་གསར་པ་གཏན་འཁེལ་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “མཛའ་བརྩེའི་གཟེངས་རྟགས”དེའི་ནང་ཙུང་ཐུང་ལ་ཧི་མོན་གྱིས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕུལ་བའི་ལེགས་སྐྱེས་མངོན་པ་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་མ་འོངས་པར་བཅངས་པའི་རེ་བ་ཟབ་མོ་འདུས་ཡོད། ངས་ཙུང་ཐུང་ལ་ཧི་མོན་དང་དང་མཉམ་དུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་བརྩེ་བརྟན་སྲུང་དང་གཉིས་ཕན་མཉམ་རྒྱལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཐ་འབྲེལ་བ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་མཉམ་དུ་སྣེ་ཁྲིད་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལེགས་པོ་བསྐྲུན་འདོད་ཡོད།

ཝང་དབྱི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གཟེངས་རྟགས་གནང་བའི་བཀའ་རྒྱ་སྒྲོག་འདོན་མཛད།

ཀྲུང་གོ་ཕྱོགས་ཀྱི་གཟབ་སྦྲེང་དམག་གིས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མཐོན་པོར་བསྒྲེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་བརྩེའི་གཟེངས་རྟགས”ཡུལ་དངོས་སུ་ཁྱེར་ཡོང་།

ཞི་ཅིན་ཕིང་གིས་ལ་ཧི་མོན་ལ་བྱས་རྗེས་གཟེངས་རྟགས་བཏགས་པ་དང་།  རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བྱམས་བརྩེའི་ངང་ཕྱག་འཇུ་གནང་པ་ན། ཚོགས་ར་ཡོངས་སུ་དུས་ཡུན་རིང་བོར་ཐལ་མོའི་རྡེབ་སྒྲས་ཁེངས།

དམག་དཔུང་གི་རོལ་ཆས་རུ་ཁག་གིས་ཐ་ཅི་ཁི་སི་ཐན་གྱི་རྒྱལ་གླུ་དཀྲོལ།

ལ་ཧི་མོན་གྱིས་བཀའ་དྲིན་ཞུ་བའི་ཤིས་ཚིག་ཕུལ།  ལ་ཧི་མོན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཀྱི“མཛའ་བརྩེའི་གཟེངས་རྟགས”གནང་བའི་གཟི་བརྗིད་དེ་ནི། ཐ་ཅི་ཁི་སི་ཐན་གྱི་མི་དམངས་ཡོངས་ཀྱིས་ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་སུ་གཏོང་བར་ཁས་ལེན་བྱས་པ་ཞིག་རེད། ཀྲུང་གོ་ནི་ཐ་ཅི་ཁི་སི་ཐན་གྱི་རླབས་ཆེན་ཁྱིམ་མཚེས་རྒྱལ་ཁབ་དང་བློས་འགེལ་ཆོག་པའི་གྲོགས་པོ་ཡིན་པ་དང་།   རྒྱལ་ཁབ་གཉིས་ཀྱི་བར་ཆབ་སྲིད་ཀྱི་འགལ་བ་དང་མཉམ་ལས་ཀྱི་འགོག་རྐྱེན་གང་ཡང་མེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་ཚད་གཞི་མཐོ་བའི་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་ལ་བརྟེན་ཡོད། དུས་ཡུན་རིང་པོར་ཀྲུང་གོས་ཐ་ཅི་ཁི་སི་ཐན་ལ་སྒེར་སེམས་མེད་པར་རྩ་ཆེའི་རོགས་སྐྱོར་མང་པོ་བྱས་པས། ཐ་ཅི་ཁི་སི་ཐན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་པར་ཐ་ཅི་ཁི་སི་ཐན་མི་དམངས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལ་ཧི་མོན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་དེང་སྐབས་འཛམ་གླིང་སྟེང་ལོ་རྒྱུས་ཀྱི་གསལ་རྟོགས་གཏིང་ཟབ་པ་དང་གོ་ལ་ཧྲིལ་པོའི་མཐོང་རྒྱ་ཆེ་བའི་རླབས་ཆེན་གྱི་མགོ་ཁྲིད་པ་ཞིག་ཡིན། ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་མགོ་མང་པོ་ཞིག་ནི་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་མཛད་པ་དེས་ཐ་ཀྲུང་རྒྱལ་ཁབ་གཉིས་ལ་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ལེའུ་གསར་པ་ཞིག་བསྐྲུན་ངེས་པར་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་རྒྱལ་ཁབ་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་འབྱུང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུར་མུ་མཐུད་དུ་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད།

གཟེངས་རྟགས་གནང་བའི་མཛད་སྒོའི་སྟེང་ཚོགས་ཞུགས་སྐུ་མགྲོན་རྣམས་ཐེངས་བཅུ་ལྷག་ཙམ་ལ་ཡར་ལངས་ནས་དགའ་བསུ་བྱས་པ་དང་། ཚོགས་ར་ཡོངས་ལ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཚའེ་ཆི་སོགས་མཛད་སྒོར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号