ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དུས་རབས་གསར་བར་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཙུང་ཐུང་བཞུགས་ཤག་མདུན་གྱི་ཐང་ཆེན་དུ་འབྱོར་སྐབས། ལ་ཧི་མོན་རླངས་འཁོར་ལས་བབས་ཏེ་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། ལ་ཧི་མོན་གྱིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། ལ་ཧི་མོན་གྱིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ།

ལ་ཧི་མོན་གྱིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ།

ས་དེའིཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། ལ་ཧི་མོན་གྱིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ། འདི་ནི་ཞི་ཅིན་ཕིང་གིས་ལ་ཧི་མོན་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། ལ་ཧི་མོན་གྱིས་ཞི་ཅིན་ཕིང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་སྤེལ། འདི་ནི་ཞི་ཅིན་ཕིང་གིས་ལ་ཧི་མོན་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་གཟིགས་ཞིབ་སྟེགས་བུའི་སྟེང་བུད། དམག་དཔུང་གི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གུས་མཚོན་མེ་སྒྱོགས་ཉེར་གཅིག་གཏོང་འཕེན་བྱས། ཞི་ཅིན་ཕིང་གིས་ལ་ཧི་མོན་གྱི་ཕེབས་རོགས་འོག་གཟབ་སྦྲེལ་རུ་ཁག་ལ་གཟིགས་ཞིབ་མཛད། ཐ་ཅི་ཁི་སི་ཐན་གྱི་སྐད་ཀྱིས་ལྷན་རྒྱས་སྐུ་ཁམས་བཟང་ཞེས་མཚམས་འདྲི་མཛད་པ་དང་། གཟབ་སྦྲེང་རུ་ཁག་གིས་ཐ་ཅི་ཁི་སི་ཐན་གྱི་སྐད་བཀོལ་ནས་ཀྲུའུ་ཞི་ལགས་སྐུ་ཁམས་བདེ་ཞེས་ལན་བྱིན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སོ་སོར་ཕྱོགས་གཉིས་ཀྱི་ཕེབས་རོགས་མི་སྣ་རེ་རེ་བཞིན་ཕྱག་འཇུ་བྱས་ཏེ་གུས་སེམས་བསྟན་པ་དང་། དེའི་རྗེས་སུ་མཉམ་དུ་རུ་སྒྲིག་མཛད་སྒོར་གཟིགས།

དགའ་བསུའི་མཛད་སྒོའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆེ་བ་དང་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད་པའི་ཚུལ་རེད།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་ཆེ་བའི་གྲོས་མོལ་མཛད་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་ནི་རི་ཆུ་གཅིག་འབྲེལ་དང་སྐྱིད་སྡུག་མཉམ་མྱོང་། ལས་དབང་གཅིག་མཐུན་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་རྒྱུན་རིང་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ། ཕུན་སུམ་ཚོགས་པའི་མཉམ་ལས་ནང་དོན། ཁྱབ་རྒྱ་ཆེ་བའི་དམངས་ཀྱི་འདོད་བློའི་རྒྱབ་སྐྱོར་བཅས་ཡོད། ཕྱོགས་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་མུ་མཐུད་དུ་ཇེ་ཟབ་ཏུ་སོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ལས་གཞི་གལ་ཆེན་རབ་དང་རིམ་པ་བདེ་བླག་ངང་སྤེལ་ནས་ཤུགས་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ན་ནིང་སྐུ་ཉིད་ཀྱིས་ཀྲུང་གོར་རྒྱལ་དོན་འཚམ་འདྲི་མཛད་པ་དང་། ང་ཚོས་དུས་རབས་མཛའ་མཐུན་དང་སྐྱིད་སྡུག་མཉམ་མྱོང་། གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་གོ་དང་ཐ་ཅི་ཁི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འབད་འབུངས་བྱེད་རྒྱུ་ཐག་བཅད། གནས་བབ་གསར་བའི་འོག ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་ཕྱོགས་བར་གྱི་དུས་རབས་གསར་བའི་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། ལངས་གནས་གསར་བའི་སྟེང་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས་རྒྱལ་ཁབ་གཉིས་ཀྱི་དར་རྒྱས་ལ་རོགས་འདེགས་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། མདང་དགོང་། སྐུ་ཞབས་ཙུང་ཐུང་གིས་བདག་ལ་གནམ་གྲུ་ཐང་ནས་ཆེས་མཐོའི་གུས་ལུགས་ལྡན་པའི་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ་བ་དང་། དེ་ལས་ཐ་ཅི་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོར་བརྩེ་བ་ཆེན་པོ་བཟུང་ཡོད་པ་མཚོན་ཡོད་པས། ང་ལ་ཡིད་འགུལ་ཆེན་པོ་ཐེབས་སོང་། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་སི་ཐན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གྱི་མཛའ་མཐུན་གིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཐ་ཅི་ཁི་སི་ཐན་དེ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་ལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཁ་གཡོར་ས་གང་རུང་ལ་བརྟེན་ནས་ཐ་ཅི་ཁི་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་ནི་དུས་གཏན་དུ་ཐ་ཅི་ཁི་སི་ཐན་གྱི་བློ་གཏོད་རུང་བའི་གྲོགས་པོ་དང་བརྩེ་བ་ཟབ་པའི་སྤུན་ཟླ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ75འཁོར་བའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་བྱེད་པའི་ཕྱོགས་སུ་བགྲོད་བཞིན་ཡོད། ཀྲུང་གོས་ཤུགས་ཆེན་པོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་བར་འཕེལ་རྒྱས་ཉམས་མྱོང་དང་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། དཔལ་འབྱོར་མཉམ་ལས་ཀྱི་སྤུས་ཚད་དང་གཞི་རྒྱ་མཐོར་འདེགས་བྱེད་པ། གཅིག་འབྲེལ་གཅིག་བསྟེན་གྱི་མཉམ་ལས་ལེགས་བསྒྱུར་བྱེད་པ། ཞིང་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། གནད་འགག་གཏེར་ཁའི་ཐོན་ཁུངས་མཉམ་ལས་རྒྱ་བསྐྱེད་པ། ནུས་ཁུངས་གསར་བ་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཁྲིམས་འཛིན་བདེ་འཇགས་སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཕྱོགས་གཉིས་ཀྱིས་ད་རུང་ན་གཞོན་དང་སྨྱན་བྱད། རིག་མཛོད། བུད་མེད། གནས་སྐོར་སོགས་མི་གཞུང་མཉམ་ལས་རྒྱ་བསྐྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་ནི་རྒྱལ་ཁབ་དྲུག་གི་ཐུན་མོང་གསར་གཏོད་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཐ་ཅི་ཁི་སི་ཐན་དང་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་ལེགས་བསྒྱུར་དང་དེར་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཉམ་ལས་ལ་དོན་དངོས་ཀྱི་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་མཉམ་དུ། མཐུན་སྒྲིལ་རོགས་ལ་ལ་ཤུགས་སྣོན་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་སྟེ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།

ལ་ཧི་མོན་གྱིས་བསྟན་དོན། ཀྲུའུ་ཞི་ཅིན་ཕིང་གིས་ཐ་ཅི་ཁི་སི་ཐན་དུ་ཐོག་མར་རྒྱལ་དོན་འཚམ་འདྲི་མཛད་ནས་ལོ་ངོ་བཅུ་འགོར་བའི་སྐབས་སུ་ཡང་བསྐྱར་འཚམ་འདྲི་ཡོང་དཔེ་སྟོན་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཐ་ཅི་ཁི་སི་ཐན་ནི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་དང་བློ་སེམས་རྣམ་དག་གི་གྲོགས་པོ་ཡིན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་ཁྲིད་སྟོན་འོག ཉེ་བའི་ལོ་འགའི་རིང་ལ། ཐ་ཅི་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་བཟང་བོ་སྲུང་འཛིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། ཕྱོགས་མང་རྐྱེན་སྲོལ་ཁྲོད་ཆུ་ཚད་མཐོ་བའི་འབྲེལ་འདྲིས་རོགས་རེས་སྲུང་འཛིན་བྱས་ཡོད། ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་ལྟ་བུར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཀྲུང་གོའི་མི་དམངས་ཀྱིས་གོང་བཀུར་བྱེད་ཅིང་འཛམ་གླིང་མི་དམངས་ཀྱིས་ཡིད་སྨོན་བྱེད་པའི་འཛམ་གླིང་རིམ་པའི་མགོ་ཁྲིད་པ་ཞིག་ཡིན། དུས་རབས་གསར་བའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་བོ་དང་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་རླབས་ཆེ་བའི་འཕེལ་རྒྱས་གྲུབ་འབྲས་བླངས་ཏེ། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པར་མ་ཟད། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལའང་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་བར་གྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་ནི་ཐ་ཅི་ཁི་སི་ཐན་གྱི་སྲིད་ཇུས་ཁ་ཕྱོགས་གཙོ་བོ་ཡིན། ཐ་ཅི་ཁི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ཅིང་། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་མངོན་འགྱུར་བྱེད་པའི་བྱ་བ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམ་འདྲིའི་གྲུབ་འབྲས་དངོས་འབེབས་བྱེད་པ་གོ་སྐབས་གལ་ཆེན་དུ་རྩིས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གཅིག་འབྲེལ་གཅིག་བསྟེན་དང་ཞིང་ལས། གནད་འགག་གཏེར་ཁའི་ཐོན་ལས། ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཐ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམ་འདྲི་ལས་ཐ་ཅི་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཆུ་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མོན་དང་གྲོས་མོལ་མཛད། གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་བཀོད།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐ་ཅི་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྟེང་མིང་བཀོད་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། གཅིག་འབྲེལ་གཅིག་བསྟེན། གནད་འགག་གཏེར་ཐོན། བདེ་འཇགས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཅུ་ཕྲག་འགའ་བརྗེ་སྤོར་བྱེད་པར་མཉམ་དུ་བདེན་དཔང་མཛད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ལ་ཧི་མོན་གྱིས་སྤེལ་བའི་གཟབ་རྒྱས་ཆེ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号