རྔ་བ་ཁུལ་གྱི་གཅིག་སྡུད་རང་བཞིན་གྱི“འོད་ནུས+ནུས་གསོག”གློག་འདོན་ས་ཚིགས་ཐོག་མ་འཁོར་སྐྱོད་བྱས་པ།

ཟླ6པའི་ཚེས21ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་གཅིག་སྡུད་རང་བཞིན་གྱི“འོད་ནུས+ནུས་གསོག”གློག་འདོན་ས་ཚིགས་ཐོག་མ་སྟེ་ཧྭ་ཏེན་ཅིན་ཁྲོན་ནུས་གསར་ཀཱ་སི་ཏུའུ་དུས་རིམ་དང་པོའི་ཁྲི20སྟོང་ཝ་འོད་ནུས་ལས་གཞི་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་ནས་འཁོར་སྐྱོད་བྱས།

རྔ་བ་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་བའི”རིང་གི་སྐོར་དང་པོའི་རྣམ་གྲངས་མགོ་ཚུགས་པའི་འོད་ནུས་ལས་གཞི་ལ་མཚོན་ན། གློག་འདོན་ས་ཚིགས་དེ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཅིན་ཁྲོན་རྫོང་དུ་གནས་ཤིང་། ས་ཚིགས་ཀྱི་ཆ་སྙོམས་ས་བབ་སྨི4385ཟིན་པ་དང་ས་བཟུང་ཚད་རྒྱ་ཁྱོན་མུའུ4535ཟིན་ཞིང་། བསྡོམས་པས་གློག་འདོན་ས་ཚིགས་ཆུང་བ64དང་སྤྱིའི་ཤོང་ཚད་སྟོང་ཝ་ཁྲི20ཡིན། གློག་འདོན་ས་ཚིགས་དེའི་མ་ལག་སྒྲིག་སྦྱོར་ཀྲའོ་ཝ20/ཀྲའོ་ཝ་དུས་ཚོད40དོས་སྒམ་ནུས་གསོག་མ་ལག་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས། ལེམ་སྐྱུར་ལྕགས་ལི་གློག་གཡིས་བཞག་ཡོད་པས་ནུས་གསོག་དུས་ཚོད2ཡིན།

ཧྭ་ཏེན་ཅིན་ཁྲོན་ནུས་གསར་ཀཱ་སི་ཏུའུ་དུས་རིམ་དང་པོའི་སྟོང་ཝ་ཁྲི20འོད་ནུས་ལས་གཞི།

ཧྭ་ཏེན་ཅིན་ཁྲོན་ནུས་གསར་ཀཱ་སི་ཏུའུ་ཡི་དུས་རིམ་དང་པོའི་འོད་ནུས་གློག་འདོན་ས་ཚིགས་ཀྱི་ལས་གཞི་འགན་ཁུར་ལས་དོན་མི་སྣ་དབྱང་པའོ་ཡིས། “ཀཱ་སི་ཏུའུ་དུས་རིམ་དང་པོའི་སྟོང་ཝ་ཁྲི20འོད་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་ཟིན་རྗེས། ལོ་རེར་དུས་ཚོད་རེར་སྟོང་ཝ་དུང་ཕྱུར3.6ནུས་རྒྱུ་གཙང་མའི་གློག་ནུས་མཁོ་འདོན་བྱེད་པ་དེས་སི་ཁྲོན་གྱི་ཞིང་ཁྱིམ་ཁྲི17ལྷག་གི་གློག་སྤྱོད་དགོས་མཁོ་བསྐྲུན་ཐུབ། གློག་འདོན་ས་ཚིགས་ཀྱིས་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི11.70བེད་སྤྱོད་ཉུང་དུ་གཏོང་ཞིང་། དབྱང་གཉིས་སོལ་འགྱུར་ཕྱིར་གཏོང་ཏུན་ཁྲི32.12ཉུང་དུ་བཏང་། རྣམ་གྲངས་འཛུགས་སྐྲུན་གོ་རིམ་ཁྲོད་མཐོ་གྲང་དང་ས་བབ་མཐོ་བ་སོགས་ཀྱི་དཀའ་ངལ་སེལ་པ་དང་། ལས་གཞི་འཛུགས་སྐྲུན་ཟིན་པ་དེ་ནི་རྔ་བ་ཁུལ་གྱི་གཅིག་སྡུད་རང་བཞིན་གྱི་འོད་ནུས+ནུས་གསོག་གི་གློག་འདོན་ས་ཚིགས་ཆེ་གྲས་ཐོག་མ་ཡིན། ཀཱ་སི་ཏུའུ་དུས་རིམ་གཉིས་པའི་ལས་གཞིའི་སྒྲོག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་སྟོང་ཝ་ཁྲི30ཡིན་ལ། སྔོན་དཔག་བྱས་ན2025ལོའི་ལོ་མཇུག་ཏུ་ཐོན་སྐྱེད་མགོ་ཚུགས་ནས་འཁོར་སྐྱོད་བྱེད་རྒྱུ་རེད”ཟེར།

ཧྭ་ཏེན་ཅིན་ཁྲོན་ནུས་གསར་ཀཱ་སི་ཏུའུ་དུས་རིམ་དང་པོའི་སྟོང་ཝ་ཁྲི20འོད་ནུས་ལས་གཞི།

རྒྱུས་ལོན་ལྟར་ན། ལས་གཞི་དེ་ནི་རྒྱལ་ཁབ་ཀྱི“ཐཱན་གཉིས”དམག་འཐབ་ཐད་ཐར་དུ་མངོན་པ་ཡིན་ལ། དེས་ས་གནས་ནུས་ཁུངས་གཙང་མའི་གསར་སྤེལ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག གློག་ཤུགས་མཁོ་འདོན་ལེགས་སྒྱུར་ཐད་གོ་སྐབས་གསར་བ་བསྐྲུན་པ་མ་ཟད། ངལ་ལས་ལས་གནས་དང་ལག་རྩལ་ལས་གནས་མཁོ་འདོན་བྱས་པ་བརྒྱུད། ས་གནས་ཨར་ལས་འཕྲུལ་ཆས་གླས་ནས་ས་གནས་ཞོར་ལས་པ་ཚོར་ངལ་ལས་སྒོར་ཁྲི700ལྷག་བསྐྲུན་པ་རེད། “ཀཱ་སི་ཏུའུ་འོད་ནུས་དུས་རིམ་དང་པོའི་ལས་གཞི་གསར་སྤེལ་འཛུགས་སྐྲུན་བྱས་པའི་ཚུན། ངེད་གྲོང་ཚོའི་ས་ཞིང་མུའུ 4500གླས་པ་དང་། དེ་དང་ཆབས་ཅིག་ཏུ་ཀུང་སི་དེས་ནུས་ལྡན་ངང་ངལ་ལས་ལས་གནས50ལྷག་དང་ལག་རྩལ་ལས་གནས70ལྷག སྤྱི་ཕན་རང་བཞིན་གྱི་ལས་གནས་འགའ་མཁོ་འདོན་བྱས་ནས། ས་གནས་ཨར་ལས་འཕྲུལ་ཆས60ལྷག་གླས་ནས་ངེད་གྲོང་ཚོའི་མང་ཚོགས་ཀྱི་ཡོང་འབབ་འཕར་བ་རེད”ཅེས་ཅིན་ཁྲོན་རྫོང་ཨུ་རུའེ་གྲོང་ཚོའི་ཀྲུའུ་པུའུ་ཧྲུའུ་ཅི་ཐུབ་བསྟན་རྡོ་རྗེ་ཡིས་དེ་ལྟར་བརྗོད། 

གཞན་ཡང་། ཀཱ་སི་ཏུའུ་འོད་ནུས་ལས་གཞི་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག ས་གནས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པ་དང་། ལས་གཞིས་བསྐྲུན་པའི་གཞུང་ལམ་གྱིས་ས་གནས་འབྲོག་སའི་ལམ་ཤར་གཏོང་རིམ་སྤར་ལེགས་བཅོས་བྱས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ18ཟིན་པའི་རི་སར་བསྐྱོད་པའི་གཞུང་ལམ་ཞིང་ཆེན་གཞུང་ལམS220དང་སྦྲེལ་ནས། སྔོན་ཆད་རྒྱང་རིང་གནས་སུ་ཆགས་པའི་ཀཱ་སི་ཏུའུ་གྲོང་ཚོ་མཐའ་འཁོར་ས་ཁུལ་དང་ཕན་ཚུན་འབྲེལ་འདྲིས་ཐུབ་པ་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག་ཏུ་ལས་གཞི་ཡིས་མ་དངུལ་བཏང་ནས་ཐོན་ལས་གཞུང་ལམ་བསྐྲུན་ནས་ས་གནས་ཐོན་ལས་འཕེལ་རྒྱ་མ་རྩ་ཉུང་དུ་བཏང་ནས། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་པ་རེད།

འོད་ནུས་གློག་འདོན་ས་ཚིགས་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱས་པ་དང་ལས་དོན་མི་སྣས་གཞི་གྲངས་ལ་ལྟ་ཞིབ་བྱེད་བཞིན་པ།

འོད་ནུས་གློག་འདོན་ས་ཚིགས་ཕྱོགས་ཡོངས་ནས་འཁོར་སྐྱོད་བྱས་པ་དང་ལས་དོན་མི་སྣས་གཞི་གྲངས་ལ་ལྟ་ཞིབ་བྱེད་བཞིན་པ།

“མིག་སྔའི་བར་དུ། ཧྭ་ཏེན་སི་ཁྲོན་ཀུང་སི་ཡིས་བསྡོམས་པས་མ་དངུལ་སྒོར་ཁྲི1332བཏང་ནས་ཅིན་ཁྲོན་རྫོང་ཁོངས་སུ་ཆུ་བརྒལ་ཟམ་པ12དང་། གཞུང་ལམ་སླར་གསོ་སྤྱི་ལེ43ཟིན་པ། ཨར་འདམ་གཞུང་ལམ་སྤྱི་ལེ1.93ཟིན་ནས་གྲོང་རྡལ19དང་སྲིད་འཛིན་གྲོང་ཚོ85ལ་ཕན་ཐོགས་པ་རེད། ཀཱ་སི་ཏུའུ་འོད་ནུས་ལས་གཞིའི་དུས་རིམ2པའི་རྣམ་གྲངས་ཀྱིས་མུ་མཐུད་དུ་ས་གནས་འགྲིམ་འགྲུལ་ཞན་ཆ་སྐོང་བ་དང་། གཞུང་ལམ་གྱི་ཞན་ཆ་གསབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ས་གནས་ལ་རོགས་རམ་བྱས་ནས་འབྲོག་ལམ་ལས་པ་རྟའུ་རྫོང་དང་སྦྲེལ་ནས། ས་གནས་གཞུང་ལམ་དྲ་རྒྱ་མུ་མཐུད་འཐུས་ཚང་དུ་གྱུར”ཞེས་ཧྭ་ཏེན་ནུས་གསར་ཀཱ་སི་ཏུའུ་དུས་རིམ་དང་པོའི་འོད་ནུས་གློག་འདོན་ས་ཚིགས་ཀྱི་ལས་གཞི་འགན་ཁུར་མི་སྣ་དབྱང་པའོ་ཡིས་དེ་ལྟར་བརྗོད།

རྗེས་མར། ཅིན་ཁྲོན་རྫོང་གིས་མུ་མཐུད་དུ་ནུས་ཁུངས་གཙང་མའི་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་ཁུངས་སྒྲིག་གཞིའི་ཚུལ་སྒྱུར་རིམ་སྤར་གྱིས་ལྗང་མདོག་འཕེལ་རྒྱས་དང་། རྒྱུན་མཐུད་འཕེལ་རྒྱས་ཐད་རང་གི་སྟོབས་ཤུགས་བཏོན་ནས། སྔར་ལས་མང་བའི་ནུས་ཁུངས་གཙང་མའི་ལས་གཞི་རྫོང་དེ་ནས་ལག་བསྟར་བྱ་རྒྱུ་དང་། ཡང་ཅིན་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་གསོན་ཤུགས་གསར་བ་སྣོན་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号