ཡིག་གཟུགས་མཁས་ཅན་དམག་སྒར་དུ་བསྐྱོད་པ།

པར་འདི་གཉིས་ནི་ཡིག་གཟུགས་དགེ་རྒན་གྱིས་དཔོན་དམག་ལ་ཡིག་གཟུགས་སློབ་བཞིན་པ།

དཔོན་དམག་གི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་དཔུང་སྡེའི་དམག་དཔུང་སྟོབས་ཆེའི་རིག་གནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་དགེ་རྒན་གདན་དྲངས་ནས་ཡིག་གཟུགས་མཁས་ཅན་དམག་སྒར་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་དགེ་རྒན་ཚོས་དམག་དཔུང་སྟོབས་ཆེར་གཏོང་བ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། བློ་སྟོབས་དང་སྤོབས་སེམས་ཆེར་སྐྱེད་སོགས་ལ་དམིགས་ནས་ཡིག་གཟུགས་ཀྱི་བརྩམས་ཆོས་100ལྷག་ཙམ་བྲིས་ཤིང་། དམག་དཔུང་གི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་བརྩམས་ཆོས་རེ་རེ་ལ་དེ་གར་ཞུགས་པའི་དཔོན་དམག་ཚོའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་རེད།

བྱེད་སྒོའི་མཇུག་ཏུ། ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་དགེ་རྒན་ཚོས་བརྩམས་ཆོས་ཚང་མ་དཔོན་དམག་ལ་སྤྲད་དེ་ཡིག་གཟུགས་ཀྱི་ལམ་ནས་བརྩེ་བ་བརྒྱུད་སྤྲོད་ཀྱིས་དཔོན་དམག་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་པ་རེད།

བོད་དམག་ཁུལ་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཞིག་གིས། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་དཔོན་དམག་གི་བསམ་པའི་རིག་གནས་ཀྱི་དགོས་མཁོར་དམིགས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ནས། རིག་གནས་ལ་བརྟེན་ནས་མི་སྣ་བསྐྱངས་ཏེ་སྟོབས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་བསྐྱེད་ནས་དཔུང་སྡེའི་རིག་གནས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་འཕེལ་བར་བརྟེན་ནས་དཔོན་དམག་གི་འཐབ་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号