རྒྱལ་ཁབ་འདི3ལ་ལག་ཁྱེར་མི་དགོས། 

ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་སྐུལ་འདེད་སྔར་ལས་ལྷག་པར་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་ནས། ནེའུ་ཙི་ལན་དང་། ཨོ་སི་ཁྲུ་ལི་ཡ། ཕོ་ལན་བཅས་རྒྱལ་ཁབ3གྱི་ལམ་ཡིག་དཀྱུས་མ་འཛིན་མཁན་མི་སྣར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 2024ལོའི་ཟླ7ཚེས1ཉིན་ནས2025ལོའི་ཟླ12ཚེས31ཉིན་བར། གོང་གསལ་རྒྱལ་ཁབ་ཀྱི་ལམ་ཡིག་དཀྱུས་མ་འཛིན་མཁན་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར་ལྟ་སྐྱོད། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པ། རྒྱལ་མཚམས་བརྒལ་བ་བཅས་ཉིན15ལས་མི་བརྒལ་ཚེ། ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་ཆོག གོང་གསལ་རྒྱལ་ཁབ་ཀྱི་ཐོངས་མཆན་མི་དགོས་པའི་ཆ་རྐྱེན་དང་མི་མཐུན་པའི་མི་སྣས་རྒྱལ་ཁོངས་སུ་མ་འཛུལ་གོང་ཀྲུང་གོར་ཡོང་བའི་ཐོངས་མཆན་སྔར་བཞིན་ཞུ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号