ཝང་ཧུའུ་ཉིང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུར་ཞུགས།

ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས18ཉིན་པེ་ཅིན་དུ་འཚོགས་པ་དང་། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤེལ་བའི་འབྲེལ་ཡོད་གཙོ་གནད་རྟོག་ཞིབ་དང་རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལས་འགན་གལ་ཆེན་བཏོན་པ་དང་། མཐོང་སྣེ་གསར་བས་ཀྲུང་གོའི་གུང་ཁྲན་ཏང་གིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་བྱས་པར་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བ་དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་ལེན་མཐར་ཕྱིན་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས།

ཟླ6པའི་ཚེས18ཉིན། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་རྟོག་ཞིབ་གྲོས་མོལ་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་པ་དང་། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྤེལ་བའི་འབྲེལ་ཡོད་གཙོ་གནད་རྟོག་ཞིབ་དང་རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་འབྲེལ་ཡོད་མདངས་གཙོ་ཏང་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཐད་ལ་གཞིགས་ཏེ་བརྟག་བཤེར་ཞིབ་འཇུག་དང་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་པར་གདེང་འཇོག་གང་ལེགས་གནང་། ཝང་ཧུའུ་ཉིང་གིས་བསྟན་དོན། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་བ་བཅས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་འཕེལ་རྒྱས་ཀྱི་ལེགས་ཆ་གསར་གཏོད་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཀྱང་ཡིན་པས། འབྲེལ་ཡོད་གཙོ་གནད་ཞིབ་འཇུག་བྱ་གཞིར་དམིགས་ནས་ཞིབ་འཇུག་གཏིང་ཟབ་དང་གྲུབ་འབྲས་ཐོབ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྔར་ལས་རོགས་རམ་བྱེད་དགོས། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས།

དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན་དང་། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏཱ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཐའོ་ཀྲི་བཅས་ཀྱིས་རྟོག་ཞིབ་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། མིས་བཟོས་རིག་ནུས་དང་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། སྐྱེ་དངོས་བཟོ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། ཚན་རྩལ་གསར་གཏོད་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དངོས་གཉེར་དང་གནད་ལ་འཁེལ་བའི་སྲིད་ཇུས་ཀྱི་གྲོས་འགོ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཆིན་པའོ་ཡུང་དང་ཀྲུའུ་ཡུང་ཞིན་གྲོས་ཚོགས་ལ་ཞུགས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་གྲོས་མོལ་བརྗེ་རེས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号