ཅང་སུའུ་ཡི2024ལོའི་ཁུན་ཧྲན་རྒྱལ་སྤྱིའི་ཀོག་ཧྥེ་ཐོན་ལས་འགྲེམས་ཚོགས་མགོ་ཚུགས་པ།

ཉེ་དུས། ཅང་སུའུ་ཞིང་ཆེན་ཁུན་ཧྲན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ2024ལོའི་ཁུན་ཧྲན་རྒྱལ་སྤྱིའི་ཀོག་ཧྥེ་ཐོན་ལས་འགྲེམས་ཚོགས་ཁུན་ཧྲན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི1.6ལྷག་ཙམ་ཟིན་པའི་ད་ཐེངས་ཀྱི་འགྲེམས་ཚོགས་ནང་པར་ཙིར་དང་། ཝེ་ཐེ་ནམ། ཝུ་ཀན་ཏ། ཁོ་ལོམ་པི་ཡ། ཐན་ཙན་ནི་ཡ། ཨེ་ཙེ་ཨོ་ཕི་ཡ་སོགས་ཕྱི་རྒྱལ་གྱི་ཀོག་ཧྥེ་ཐོན་ཡུལ་འགྲེམས་ཚོགས12དང་དེ་བཞིན་ཀྲུང་གོའི་ཐའེ་དབན་དང་། ཡུན་ནན། ཧའེ་ནན། ཅི་ལིན་ཡན་པན་སོགས་ཀོག་ཧྥེ་ཐོན་ཁུལ་འགྲེམས་ཚོགས་ཀྱི་ཁེ་ལས300ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད། འདི་ནི་ལྟད་མོ་བས2024ལོའི་ཁུན་ཧྲན་རྒྱལ་སྤྱིའི་ཀོག་ཧྥེ་ཐོན་ལས་འགྲེམས་ཚོགས་ཐོག་ལྟ་སྐོར་བྱེད་བཞིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号