རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་ཙུང་ལི་ལི་ཆང་གིས་དམ་བཅའ་འཇོག་པར་ལྟ་རྟོག་གནང་།

ཟླ6པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་ཙུང་ལི་ལིས་ཆང་གིས་དམ་བཅའ་འཇོག་པར་ལྟ་རྟོག་གནང་།

ཟླ6པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་ཙུང་ལི་ལི་ཆང་གིས་དམ་བཅའ་འཇོག་པར་ལྟ་རྟོག་གནང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་སོ་སོས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཁག་དང་སྡེ་ཚན40ཡི་འགན་འཁུར་བ56གིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་དམ་བཅའ་བཞག

ཕྱི་དྲོའི་ཆུ་ཚོད3གྱི་སྟེང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་སུ་སྣེ་ཁྲིད་མཁན་གྱིས་རྩ་ཁྲིམས་ལག་ཏུ་བཟུང་ནས་དམ་བཅའ་བཞག་པ་དང་བསྟུན་ནས། དམ་བཅའ་འཇོག་མཁན་གཞན་དག་གྲལ་སྒྲིག་ནས་མནའ་ཚིག་བཏོན།

དམ་བཅའ་བཞག་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམ་བཅའ་ནན་མོ་བཞག་སྟེ་སེམས་ལ་བརྟན་པོར་ངེས་དགོས་པར་མ་ཟད། དེ་ལས་ཀྱང་ལག་བསྟར་བྱེད་དགོས། རྩ་ཁྲིམས་ལ་བཞག་པའི་དམ་བཅའ་ལག་བསྟར་བྱེད་པའི་ཆེས་རྩ་བ་ནི་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།“གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས།  རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་དང་རྩ་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིགས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་དགོས། སྔར་ལས་རང་གཅུན་ནན་མོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྲིད་དོན་གཙང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་ནས་མི་ཚུལ་ལྡན་ཞིག་བྱེད་པ་དང་བྱ་བ་གཙང་མ་སྒྲུབ་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱས་ཏེ་དོན་དངོས་སྒྲུབ་པར་བརྟེན་ནས་ཕན་འབྲས་དངོས་དོན་གཉེར་བྱེད་དགོས།

ལི་ཆང་གིས་བསྟན་དོན། མིག་སྔར་ང་ཚོ་འཕྲད་པའི་དུས་བབ་དང་ལས་འགན་ཚང་མ་སྤྱིར་བཏང་བ་ཞིག་མིན་པ་དང་། དེས་མགོ་ཁྲིད་ལས་བྱེད་པའི་ནུས་པ་དང་བྱང་ཚད། སྤྱོད་ཚུལ་སོགས་ལ་སྔར་ལས་མཐོ་བའི་རེ་བ་གསར་པ་བཏོན་ཡོད། དེར་བརྟེན་ཚང་མས་སྔར་ལས་ཧུར་བརྩོན་དང་རང་འགུལ། ནུས་ལྡན་བཅས་ཀྱི་སྒོ་ནས་བྱ་བ་ཡག་པོར་སྒྲུབ་ནས་ཕན་ནུས་ཆེ་རུ་གཏོང་དགོས།  གཅིག་ནི་འགན་འཁུར་གྱི་འདུ་ཤེས་སྔར་ལས་ཆེན་པོ་ཡོད་དགོས། འགན་ཁུར་གྱི་འདུ་ཤེས་ལྡན་པའི་སྒོ་ནས་ཤུགས་ཆེན་པོས་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཕན་པ་སོགས་ཀྱི་ལས་འགན་སོ་སོ་ལེགས་འགྲུབ་ཡག་པོ་བྱེད་པ། འགལ་བ་དང་འཕྲད་སྐབས་གཡོལ་ཐབས་མི་བྱེད་པ་དང་། གནད་དོན་ལ་འཕྲད་སྐབས་ཐད་ཀར་གདོང་གཏོད་ཕོད་པ། གནད་འགག་གི་དུས་སུ་ལས་འགན་ལྗིད་མོ་ཐེག་ཐུབ་པ་དང་ཁག་ཁུར་ཡོད་པ། བློ་གཏད་ཆོག་པ་བཅས་བྱ་དགོས། གཉིས་ནི་ལག་བསྟར་བྱེད་ནུས་སྔར་ལས་ཆེན་པོ་ལྡན་པར་བྱས་ནས་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། གནས་སའི་ཁྱབ་ཁོངས་ཀྱི་མདུན་གྲལ་གྱི་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ཏེ་དུས་བསྟུན་མདུན་སྐྱོད་ཀྱིས་ཤེས་བྱ་གསར་བརྗེ་དང་། འདུ་ཤེས་གསར་བརྗེ། འཇོན་ཐང་གསར་བརྗེ་བཅས་ལ་སྐུལ་འདེད་གཏོང་དགོས། གསར་གཏོད་གསར་སྐྲུན་གྱི་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། བསམ་གཞིགས་ཀྱི་གོམས་གཤིས་དང་ཐབས་ལམ་ལ་བརྟེན་པའི་ནུས་པ་མེད་པར་བཟོ་ཕོད་པ། བློ་ཁོག་ཆེན་པོས་གྲོས་གཞི་གསར་པ་དང་ཐབས་ཤེས་གསར་པ་འཚོལ་ཞིབ་བྱས་ནས་བྱ་བའི་སྤུས་ཚད་དང་ལས་ཆོད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས། གསུམ་ནི་ཁྱོན་ཡོངས་ཀྱི་ལྟ་བ་དྲག་པོ་ཡོད་པ་དང་། སོར་གནས་ཀྱི་བསམ་བློ་སྣ་ཚོགས་དོར་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞིགས་ཏེ་གནད་དོན་ལ་བསམ་གཞིགས་དང་། སྲིད་ཇུས་བཟོ་བ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།  ཁོང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  དམ་བཅའ་དེ་དངོས་སྒྲུབ་དང་བྱས་རྗེས་དངོས་ལ་བསྒྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་མཛད་སྒོར་ཞུགས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号