ཞི་ཅིན་ཕིང་གིས་གཞིས་ཁུལ་གྱིས་སྡོད་དམངས་མང་ཚོགས་ལ་གཏིང་ཟབ་པ་དང་ཞིབ་ཚགས། དགོས་མཁོ་ཅན་གྱི་ཞབས་ཞུ་སྒྲུབ་དགོས་པར་བསྟན།

ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥིན་ཆུས་ཁྲང་ཁྲེན་ལྡུམ་རའི་སྡེ་ཁུལ་དུ་ཕེབས་ནས་རྟོག་ཞིབ་མཛད། ཁོང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ། དམངས་ཕན་ཞབས་ཞུ་དང་མང་ཚོགས་རིག་གནས་འཚོ་བ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། སྡེ་ཁུལ་ལས་བྱེད་མི་སྣ་དང་སྡོད་དམངས་མང་ཚོགས་ལ་བྱམས་བརྩེའི་ངང་ཁ་བརྡ་བྱས། ཞི་ཅིན་ཕིང་གིས་བཤད་རྒྱུར། སྡེ་ཁུལ་གྱིས་མང་ཚོགས་ལ་ཐད་ཀར་དུ་ཞབས་ཞུ་སྒྲུབ་དགོས་པས། གཞིས་ཁུལ་གྱི་བྱ་བ་སྒྲུབ་པར་ཐོག་མར་གཞི་རིམ་ཏང་རྩ་འཛུགས་དེ་འཛུགས་སྐྲུན་དང་སྟོབས་ལྡན་དུ་གཏོང་དགོས་ལ། དུས་མཚུངས་སུ་ལྷག་བསམ་ཞབས་ཞུ་དང་རྒྱུན་མཐུད་གཏན་འཇགས་ཀྱི་གཞིས་ཁུལ་ལས་དོན་པའི་དཔུང་སྡེ་ཞིག་ཡོད་དགོས། གཞིས་ཁུལ་གྱིས་ཉམས་མྱོང་སྤྱི་བསྡོམས་དང་ཐབས་ལམ་གསར་སྐྲུན་གྱིས་སྡོད་དམངས་མང་ཚོགས་ལ་གཏིང་ཟབ་དང་ཞིབ་ཚགས། དགོས་མཁོ་ཅན་གྱི་ཞབས་ཞུ་བསྒྲུབས་ཏེ། ཧུར་ཐག་གིས་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号