ལི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཧི་ཨེར་ལི་ལ་ཐུག་འཕྲད་གནང་།

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁེམ་ཕའེ་ལ་ཡི་ཙུང་ཏུའུ་བཞུགས་ཤག་ཏུ་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཧི་ཨེར་ལི་ལ་ཐུག་འཕྲད་གནང་།

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཁེམ་ཕའེ་ལ་ཡི་ཙུང་ཏུའུ་བཞུགས་ཤག་ཏུ་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཧི་ཨེར་ལི་ལ་ཐུག་འཕྲད་གནང་།

ལི་ཆང་གིས་ཐོག་མར་ཧི་ཨེར་ལི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལི་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་གྱི་འབྲེལ་བ་དེ་བརྟན་བརླིང་ངང་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་ཅིང་། མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་མངོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་པོ་བྱེད་པ་དང་། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ། གཉིས་ཕན་མཉམ་ལས་བཅས་རྒྱུན་འཁྱོངས་བྱས་ཏེ། མིག་སྔའི་འཕེལ་ཕྱོགས་བཟང་པོ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་གང་ལེགས་བཏང་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་བརྟན་བརླིང་ཡོང་བ་དང་གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པ་ལྡན་པར་བྱེད་ཅིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ལ་བྱས་རྗེས་འཇོག་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཐད་ཚད་མཐོན་པོས་ཕན་ཚུན་ཁ་གསབ་བྱེད་ཀྱིན་ཡོད་ལ། མཉམ་ལས་ཀྱི་སྒུལ་ཤུགས་འདང་ཞིང་ནུས་ཤུགས་ཆེ་བ་དང་། ཕན་ནུས་བཟང་པར་བརྟེན། ཕྱོགས་གཉིས་ཀའི་མི་དམངས་ལ་ཁེ་ཕན་ཐོབ་ཡོད། མིག་སྔར་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རས་དགོས་མཁོ་གསར་བ་དང་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་པས། འདི་ནི་ཨོ་སི་ཁྲུ་ལི་ཡ་དང་དེ་མིན་འཛམ་གླིང་གི་རྒྱལ་ཁབ་སོ་སོར་མཚོན་ནས་བཤད་ནས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། མཉམ་ལས་མཉམ་རྒྱལ་དེ་ཕྱོགས་གཉིས་ཀྱི་འབྲེལ་བའི་གཙོ་རྒྱུན་དུ་འགྱུར་བར་བྱེད་འདོད་ཡོད།

ཧི་ཨེར་ལི་ཡིས་ལི་ཆང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་སྒྲོག་བྱེད་དུ་བཅུག ཧི་ཨེར་ལི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་རྒྱ་ཆེ་ལ། ཕྱོགས་གཉིས་ཀྱི་འབྲེལ་བར་གསོན་ཤུགས་ལྡན། ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号