ཞི་ཅིན་ཕིང་གིས་ཐིག་དམར་ཀི་ནའེ་ཡའི་ཙུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་བ།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་འདེགས་སུ་བཏང་བ་ཁྱབ་བསྒྲགས་བྱས།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨའོ་པིས་ཨང་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་བཟའ་ཟླ་དང་ཨའོ་པིས་ཨང་དང་ལྕམ་མོ་ཁང་སི་ཐན་ཞི་ཡ་བཟའ་ཟླ་གཉིས་ཀྱིས་མཉམ་པར་ལེན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡ་ནི་བློ་གཏད་ཆོག་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན་ལ། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆེས་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཤིང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་ཆེས་ཐུགས་ཁུར་བྱེད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་རྒྱལ་ཁབ་མཛའ་བརྩེ་ཟོལ་མེད་སྒོས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། གནས་བབ་གསར་པའི་འོག ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡའི་འབྲེལ་བ་སྲ་བརྟན་བཟང་པོ་དང་འཕེལ་རྒྱས་གང་ལེགས་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་འདུན་དང་མཐུན་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀི་ནའེ་ཡས་རང་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོབ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བགྲོད་ལམ་རང་བདག་སྒོས་འཚོལ་ཞིབ་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཐིག་དམར་ཀི་ནའེ་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོར་འདེགས་སུ་གཏོང་བ་གོ་སྐབས་སུ་བྱས་ཏེ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། བཅོས་སྒྱུར་འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་ལས་དོན་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཡུན་རིང་དུ་གནས་ཐུབ་པར་སྒུལ་ཤུགས་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀི་ནའེ་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཐིག་དམར་ཀི་ནའེ་ཡས་དཔལ་འབྱོར་སྣེ་མང་ཅན་དང་བཟོ་ལས་ཅན་དུ་སྐུལ་འདེད་གཏོང་བའི་ཐད་ལ་འབད་པ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་བྱ་བ་དེ་ཐིག་དམར་ཀི་ནའེ་ཡའི2035ལོའི་རྒྱལ་ཁབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་དང་སྦྲེལ་མཐུད་དམ་ཟབ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་སྤུས་འདེགས་ནུས་འཕར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་དང་ལྡན་པའི་ཀྲུང་གོའི་ཁེ་ལས་ཀྱིས་ཐིག་དམར་ཀི་ནའེ་ཡ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ལ། ཐིག་དམར་ཀི་ནའེ་ཡའི་བར་དུ་ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། ཞིང་ལས་ལག་རྩལ་གྱི་རོགས་སྐྱོར་རྣམ་གྲངས་མུ་མཐུད་སྤེལ་བ། ཀྲུང་གོའི་སྨན་བཅོས་རུ་ཁག་དང་། ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡའི་མཛའ་མཐུན་སྨན་ཁང་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་རྒྱུན་བསྐྱངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་རྙོག་འཛིང་ཆེ་ཞིང་། ལོ་བརྒྱའི་འགྱུར་ལྡོག་གི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་སྔར་བྱུང་མྱོང་མེད་པའི་འགྲན་རྩོད་ལ་འཕྲད་ཡོད་པས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་གལ་འགངས་ཆེ་བར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀི་ནའེ་ཡ་སོགས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་དོན་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཧྥེ་གླིང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་ནི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་ཕྱོགས་དང་མཉམ་དུ་སྐབས་གསར་པའི་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་མགོ་ཡག་པོ་བརྩམས་ཏེ། སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་དང་། མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མ་འོངས་འཕེལ་རྒྱས་ཀྱི་མཉམ་ལས་འཆར་གཞིར་མཉམ་དུ་གྲོས་མོལ་བྱས་ནས། ཀྲུང་གོ་དང་ཧྥེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་པའི་མགོ་རྩོམ་འདོད་ཡོད།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། 

ཨའོ་པིས་ཨང་གིས་བསྟན་དོན། ཀྲུང་གོ་ནི་རླབས་ཆེ་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ཐིག་དམར་ཀི་ནའེ་ཡའི་སྤུན་ཟླ་བཟང་པོ་དང་བློས་འཁེལ་གྱི་འཐབ་ཇུས་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་པའི་ལོ་ངོ54རིང་། ཕྱོགས་གཉིས་ཀྱི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མིག་སྔར་ནི་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡའི་མཉམ་ལས་ཀྱིས་ནམ་ཡིན་ཡང་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་རྨང་གཞིར་བྱས་ཏེ། གཞན་ལ་བཙན་འགེལ་ནམ་ཡང་མི་བྱེད། ཀྲུང་གོའི་ཧྥེ་གླིང་སྨན་བཅོས་རོགས་སྐྱོར་རུ་ཁག་དང་རོགས་སྐྲུན་གནང་བའི་ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡའི་མཛའ་མཐུན་སྨན་ཁང་སོགས་གཙོ་གནད་ལས་གཞི་ཡིས་ས་གནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ཧྥེ་ཀྲུང་མཛའ་མཐུན་གྱི་མཚོན་རྟགས་སུ་གྱུར་ཡོད། ཐིག་དམར་ཀི་ནའེ་ཡས་ཀྲུང་གོར་སྒོ་ཕྱེས་ཏེ། ཀྲུང་གོའི་ཁེ་ལས་ཀྱི་ཐིག་དམར་ཀི་ནའེ་ཡར་དངུལ་གཏོང་མཉམ་ལས་བྱས་ནས་ཐིག་དམར་ཀི་ནའེ་ཡས་དཔལ་འབྱོར་སྣེ་མང་ཅན་དང་བཟོ་ལས་ཅན་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་ཐང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་སྐྱོར་གནང་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན། འཛམ་གླིང་འཕེལ་རྒྱས་གྲོས་གཞི། འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་ནི་མིའི་རིགས་ཀྱི་ཞི་བདེ་གོང་འཕེལ་དང་སྔར་ལས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་ལ་ཕན་པ་ཡོད། ཐིག་དམར་ཀི་ནའེ་ཡས་ཀྲུང་གོས་ཆབ་སྲིད་ཀྱིས་ས་ཁུལ་གྱི་ཚ་གནད་གནད་དོན་ཐག་གཅོད་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་དགེ་མཚན་ལྡན་བའི་འབད་བརྩོན་ལ་སྐུལ་འདེད་བཏང་བར་ཚད་མཐོའི་གདེང་འཇོག་གནང་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དང་གསེར་གྱོམ་རྒྱལ་ཁབ་སོགས་སྒྲོམ་གཞི་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། འཛམ་གླིང་བཅོས་སྐྱོང་མ་ལག་དེ་སྔར་ལས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཐིག་དམར་ཀི་ནའེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། འཛམ་གླིང་སྟེང་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་གྲུབ་ཆ་ཅིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་འཐུས་ཚབ་ཀྱི་ཁྲིམས་མཐུན་སྲིད་གཞུང་ཉག་གཅིག་ཡིན་པས། རྣམ་པ་གང་རུང་གི་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཆ་ཚང་གཅིག་གྱུར་མངོན་འགྱུར་གྱི་ཆེད་དུ་འབད་བརྩོན་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་དངུལ་གཏོང་དང་དཔལ་འབྱོར་འཕེལ་རྒྱས། གྲངས་ཀའི་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། འཛམ་གླིང་འཕེལ་རྒྱས་གྲོས་གཞི་དངོས་འབེབས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་བྱས།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་བྱས། འདི་ནི་ཞི་ཅིན་ཕིང་དང་ཨའོ་པིས་ཨང་གིས་ལག་འཇུ་གནང་བའི་ཚུལ་རེད།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐིག་དམར་ཀི་ནའེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨའོ་པིས་ཨང་དང་ལྕམ་མོ་ཁང་སི་ཐན་ཞི་ཡ་ལ་དགའ་བསུའི་མཛད་སྒོ་བསྡུས།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨའོ་པིས་ཨང་དང་ལྕམ་མོ་ཁང་སི་ཐན་ཞི་ཡ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨའོ་པིས་ཨང་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨའོ་པིས་ཨང་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཚུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཨའོ་པིས་ཨང་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།

ཨའོ་པིས་ཨང་འབྱོར་སྐབས། གུས་དམག་གིས་གྲལ་བསྒྲིགས་ཏེ་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ལ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས། ཨའོ་པིས་ཨང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་བལྟས།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨའོ་པིས་ཨང་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号