ཕིན་ལི་ཡོན་དང་ཐིག་དམར་ཀི་ནའེ་ཡ་ཙུང་ཐུང་གི་ལྕམ་མོ་ཁང་སི་ཐན་ཞི་ཡ་ཡིས་ཇ་འཐུང་ཞོར་དུ་ཁ་བརྡ་གནང་བ།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་དུ་ཐིག་དམར་ཀི་ནའེ་ཡ་ཙུང་ཐུང་ཨའོ་པིས་ཨང་དང་མཉམདུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ལ་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཙུང་ཐུང་གི་ལྕམ་མོ་ཁང་སི་ཐན་ཞི་ཡ་དང་ཇ་འཐུང་ཞོར་དུ་ཁ་བརྡ་གནང་།

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་དུ་ཐིག་དམར་ཀི་ནའེ་ཡ་ཙུང་ཐུང་ཨའོ་པིས་ཨང་དང་མཉམདུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ལ་ཕེབས་པའི་ཐིག་དམར་ཀི་ནའེ་ཡའི་ཙུང་ཐུང་གི་ལྕམ་མོ་ཁང་སི་ཐན་ཞི་ཡ་དང་ཇ་འཐུང་ཞོར་དུ་ཁ་བརྡ་གནང་།

ཕིན་ལི་ཡོན་གྱིས་ཁང་སི་ཐན་ཞི་ཡས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་སྤྱི་ཕན་ལས་དོན་ལ་གཞོལ་བ་དང་། ཧུར་ཐག་གིས་བུད་མེད་ཀྱི་ལས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་མ་ཟད། དུས་ཡུན་རིང་བོར་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་བྱ་བར་འབད་པ་གནང་བར་བསྟོད་བསྔགས་གནང་། ཕིན་ལི་ཡོན་གྱིས་བསྟན་དོན། ཀྲུང་གོ་དང་ཐིག་དམར་ཀི་ནའེ་ཡ་ནི་སོ་སྲུང་རོགས་རེས་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན། ཕྱོགས་གཉིས་ཀྱིས་སྔར་ལས་མང་བའི་བརྗེ་རེས་མཉམ་ལས་སྤེལ་ཏེ། ཐུན་མོང་ཐོག་བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་དང་སྐུལ་སྤེལ་གཏོང་བ་དང་། ཐུན་མོང་ཐོག་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད།

ཁང་སི་ཐན་ཞི་ཡས་ཐིག་དམར་ཀི་ནའེ་ཡས་བུད་མེད་ཀྱི་ལས་ཞུགས་ལ་སྐུལ་སྤེལ་དང་ན་གཞོན་གྱི་སློབ་གསོ། དབང་བོ་སྐྱོན་ཅན་མི་སྣའི་རོགས་སྐྱོར་སོགས་ཁྱབ་ཁོངས་ཐད་ཀྱི་ལས་དོན་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་དང་ལྷག་པར་དུ་ཕིན་ལི་ཡོན་གྱིས་དུས་ཡུན་རིང་པོར་ཐིག་དམར་ཀི་ནའེ་ཡ་འདུས་འི་ཧྥེ་གླིང་རྒྱལ་ཁབ་ཀྱི་བུད་མེད་དང་བྱིས་པར་ཐུགས་ཁུར་དང་གཅེས་སེམས་ཕུལ་བ་དང་། དེ་དག་གི་བདེ་ཐང་བདེ་སྐྱིད་ཐད་བྱས་རྗེས་བཞག་པར་ཚད་མཐོའི་གདེང་འཇོག་གནང་ལ། ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པར་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号