ལའོ་ཏུང་ཁྲོན་གྱིས་རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་དུ་རྟོག་ཞིབ་བྱས།

ཟླ4པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་རྨ་ལྷོ་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། བཅོས་སྒྱུར་གསར་གཏོད་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ནང་གནས་སྒུལ་ཤུགས་བསྐྱེད་དེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། ལངས་གནས་སྔར་ལས་མཐོ་བ་དང་ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྨ་ཆུའི་སྟོད་རྒྱུད་གཞུང་རྒྱུན་གྱི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་སུ་སླེབས་སྐབས། ལའོ་ཏུང་ཁྲོན་རགས་ཆེན་དང་བཟོ་ལས་འཁོར་ཁང་། ལྟེ་བའི་ཚོད་འཛིན་ཁང་བཅས་སུ་བསྐྱོད་དེ། ཆུ་གློག་ས་ཚིགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་གཉེར་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་ཆུ་མཛོད་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། བཟོ་སྐྲུན་གྱི་གློག་འདོན་དང་ཆུ་གཏོང་བ། ཆུ་ལོག་སྔོན་འགོག སྐྱེ་ཁམས་སོགས་ཕྱོགས་སོ་སོའི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ།    སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲུལ་ཆས་བདེ་འཇགས་དང་བརྟན་བརླིང་ངང་འཁོར་སྐྱོད་འགན་སྲུང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་དགོས།

གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་རྨ་ཆུའི་འགྲམ་རྒྱུད་དུ་ལའོ་ཏུང་ཁྲོན་གྱིས་ཆུ་རྒྱུད་དུ་རྟོག་ཞིབ་བྱས། ཁོས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་དེ་གོ་གནས་གཙོ་བོར་བཞག་ནས། ཐོབ་དཀའ་བའི་སྲུང་སྐྱོབ་དང་བཅོས་སྐྱོང་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། དུས་རབས་གསར་པའི་རྨ་ཆུའི་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་དགོས། བདེ་སྐྱིད་སྡེ་བ་རུ་སོང་ནས་སྡེ་བའི་ཡུལ་གཞན་གནས་སྤོར་དང་འབྱོར་འབྲིང་མངོན་འགྱུར་བྱས་པའི་འཕེལ་རྒྱས་བརྒྱུད་རིམ་ལ་རྒྱུས་ལོན་བྱས་ཏེ། ལའོ་ཏུང་ཁྲོན་རྨ་ཆུའི་འགྲམ་རྒྱུད་ཀྱི་སྒྲོལ་མ་ཚེ་རིང་ཞིང་པའི་སྤྲོ་ཁྱིམ་ཁང་དུ་སོང་བ་དང་། ཚོང་གཉེར་པ་རྟ་བྷ་ལ་ཁ་བརྡ་བྱས་ཏེ་ཁོ་རང་རི་མགོ་ནས་སྡེ་གསར་དུ་གནས་སྤར་རྗེས་ཀྱི་འཚོ་བའི་གནས་ཚུལ་དྲིས། ཡོང་སྒོ་བཟང་ལ་འགྲིམ་འགྲུལ་སྟབས་བདེ་བ་དང་། ང་ཚོས་ཡུལ་སྐོར་གྱི་ལས་རིགས་གཉེར་ཐུབ་ཡོད་ཅེས་པའི་སྐད་ཆ་དེ་ཐོས་རྗེས། ལའོ་ཏུང་ཁྲོན་ཧ་ཅང་དགའ་བ་དང་། རྟ་བྷ་བཟའ་མི་ཡོངས་ཀྱིས་མུ་མཐུད་དུ་འབད་བརྩོན་མདུན་སྐྱོད་བྱས་ཏེ། འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་སྐུལ་མ་བྱས།

ཞོན་ཧྭ་རྫོང་རྨ་ཆུའི་ཚེ་ལན་མཐོ་སྒང་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་དུ་སོང་ནས། ལའོ་ཏུང་ཁྲོན་གྱིས་སྔོ་ཚོད་རིགས་སྣ་ཚོགས་ཀྱི་སྐྱེ་སྟོབས་དང་ཞིང་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ཐོན་ལས་ཅན་དང་གཞི་ཁྱོན་ཅན། རིག་ནུས་ཅན་བཅས་ཀྱི་ཁ་ཕྱོགས་ལ་དམིགས་ནས། ཧུར་ཐག་གིས་ཞིང་ལས་ཚན་རིག་སློབ་གསོ་དང་།    ཐོན་སློབ་ཞིབ་གསུམ་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ།  སྔོན་ཐོན་གྱི་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་དང་ལག་རྩལ་རྣམ་པ་ནང་འདྲེན་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ། རིན་ཐང་ཕྲེང་འབྲེལ་བཅས་ཀྱི་ལས་ཁུངས་གཙོ་བོ་དང་རིམ་སྤར་བཅས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ལེགས་སྣ་ཁ་གསོ་སྐྱོང་དང་རྒྱུ་སྤུས་མཐོར་གཏོང་།  ཟོང་རྟགས་བསྐྲུན་པ་བཅས་གཅིག་གྱུར་འཆར་འགོད་བྱེད་པར་ལྟ་རྟོག་བྱས་ནས།    མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་འཕར་བའི་བར་སྟོང་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ཞིང་ལས་དེ་མདུན་ལམ་ཡོད་པའི་ཐོན་ལས་ཤིག་ཏུ་འགྱུར་དུ་འཇུག་དགོས་པར་བསྟན། 

ཞོན་ཧྭ་རྫོང་མཚོ་སྔོན་འཐེན་ཐུག་ཐོན་ལས་འགྲེམ་སྟོན་ཁང་དུ། ལའོ་ཏུང་ཁྲོན་གྱིས་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རང་འགུལ་སྒོས་བྱ་སྤྱོད་སྤེལ་ནས། བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་དང་རྒྱུ་རྐྱེན་ཡོངས་ཀྱི་འགན་སྲུང་བཟང་པོར་སྒྲུབ་སྟེ། ཐོན་ལས་ཕྲེང་འབྲེལ་ཡོངས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དེའི་རྗེས་སུ། ལའོ་ཏུང་ཁྲོན་གྱིས་འཐེན་ཐུག་ཐོན་ལས་རིག་ནུས་སྟེགས་བུ་དང་ཞིང་ཆེན་ཕྱི་རོལ་གྱི་ཚོང་གཉེར་ཁྱིམ་ཚང་ལ་བརྙན་ལམ་དྲ་སྦྲེལ་བྱས་ནས། ཐོན་སྐྱེད་ཚོང་གཉེར་དང་ཕྱི་རོལ་གྱི་འཚོ་བའི་གནས་ཚུལ་ཞིབ་ཕྲ་འདྲི་རྩད་བྱས་པ་དང་། ཁོ་ཚོའི་ཚོང་ལས་སྔར་ལས་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད།    མཚོ་སྔོན་འཐེན་ཐུག་མཁན་གྱིས་འཐེན་ཐུག་ལས་དོན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་སྐུལ་མ་བྱས་ཏེ། རང་ཉིད་ཀྱི་ལག་ཟུང་དང་རྩེར་སོན་གྱི་ལག་རྩལ་སྤྱད་དེ། མཚོ་སྔོན་གྱི་འཐེན་ཐུག་གི་ཟོང་རྟགས་ཕྱི་རུ་བསྐྱོད་རྒྱུར་སྐུལ་ཁྲིད་སྔར་ལས་ལེགས་པོ་བྱེད་པའི་སྐུལ་ལྕག་བྱས།

ཞུན་ཧྭ་རྫོང་བིས་མདོ་བོད་རིགས་ཡུལ་ཚོ་པན་ཆེན་འཁྲུངས་གཞིས་སུ་སོང་ནས། ལའོ་ཏུང་ཁྲོན་གྱིས་པན་ཆེན་སྐུ་ཕྲེང་བཅུ་པ་འཚོ་བཞེས་གནང་སྐབས་ཀྱི་བྱ་བ་དང་འབྲེལ་ཡོད་རིག་དངོས་སྲུང་སྐྱོབ་དོ་དམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་བསྟན་དོན། རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། པན་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཁོང་ཉིད་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སློབ་གསོར་དགའ་བ། མི་རིགས་ལ་དགའ་བའི་ལོ་རྒྱུས་ཡག་པོར་བཤད་ནས། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ལེའུ་རྩོམ་པར་ཁྲིད་སྟོན་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号