མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཅང་སུའུ་དང་ཧྲན་ཏུང་ཞིང་ཆེན་དུ་སོང་ནས་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
ཟླ4པའི་ཚེས13ཉིན་ནས་ཚེས20ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཅང་སུའུ་ཞིང་ཆེན་དང་། ཧྲན་ཏུང་ཞིང་ཆེན་དུ་སོང་ནས་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དམིགས་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས། ཅང་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་དབྱི་ཀྲིན་དང་། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀི་ཧོས་ཅུན་གཉིས་འབྲེལ་ཡོད་བྱེད་སྒོར་ཞུགས།
རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ནན་ཅིན་གྲོང་ཁྱེར་དང་། སུའུ་ཀྲོའུ་གྲོང་ཁྱེར། ཁྲང་ཀྲོའུ་གྲོང་ཁྱེར། ཅི་ནན་གྲོང་ཁྱེར། ཆིན་ཏའོ་གྲོང་ཁྱེར་སོགས་ཀྱི་དམངས་སྒྲུབ་རྒན་གསོའི་ལས་ཁུངས་དང་། གཞིས་ཁུལ་རྒན་གསོའི་ཞབས་ཞུ་ལྟེ་གནས། ཉིན་མོའི་བདག་སྐྱོང་ལྟེ་གནས། རྒན་གསོ་ཞབས་ཞུའི་སྤུས་ཚད་མཛུབ་སྟོན་ལྟེ་གནས་སོགས་སུ་སོང་སྟེ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་སྒྲིག་ཆས་འཛུགས་སྐྲུན་དང་། འཁོར་སྐྱོད་དོ་དམ། ཞབས་ཞུའི་ནང་དོན་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་བྱས་པར་མ་ཟད། ཞིང་ཆེན་གཉིས་ཀྱི་སྲིད་གྲོས་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གསོ་བཅོས་དང་ཁམས་གསོ་ཟུང་འབྲེལ་ལ་སྐུལ་འདེད་བྱེད་པ་དང་། བློ་གྲོས་རྒན་གསོ་འཕེལ་རྒྱས་གཏོང་བ། ཁམས་གསོའི་ཐོན་ལས་གསོ་སྐྱོང་བྱེད་པ། ཁམས་གསོའི་འཇོན་མི་གསོ་སྐྱོང་བྱེད་པ། ཐོན་ལས་ཀྱི་སྲིད་ཇུས་འདེགས་སྐྱོར་སོགས་ཕྱོགས་ཀྱི་གསར་གཏོད་བྱེད་ཐབས་དང་རྒྱལ་ཁའི་ཉམས་མྱོང་ལ་རྒྱུས་ལོན་ཞིབ་མོ་བྱས། རྟོག་ཞིབ་ཚན་ཆུང་གིས་བལྟས་ན། ཉེ་བའི་ལོ་འདི་འགར་ཞིང་ཆེན་གཉིས་ཀྱིས་མི་འབོར་རྒན་འགྱུར་གྱི་གནས་བབ་ལ་ཁ་གཏད་ནུས་ལྡན་འཇལ་ཏེ། མྱུར་དུ་ཁམས་གསོའི་ཐོན་ལས་ཀྱི་འཆར་གཞི་བཀོད་པ་དང་། འབྲེལ་ཡོད་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པ་ཤུགས་དྲག་ཏུ་བཏང་ཞིང་། ཕྱོགས་ཡོངས་ནས་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མཐོར་འདེགས་བཏང་བས། རྒན་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་འདོད།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཅང་སུའུ་དང་། ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཕྱོགས་ཀྱི་འདུ་ཤེས་སྔོན་ཐོན་ཡིན་ལ། བྱེད་ཐབས་ནུས་ལྡན་ཡིན་པ་དང་། གྲུབ་འབྲས་མངོན་གསལ་ཡིན་པས། ཉམས་མྱོང་དང་བྱེད་ཐབས་མང་པོར་སློབ་སྦྱོང་དང་དཔེ་ལྟ་བྱེད་རིན་ཡོད། ཐེངས་འདིར་རྟོག་ཞིབ་བྱས་པ་བརྒྱུད་མཐོང་རྒྱ་བསྐྱེད་ཅིང་། བསམ་ཕྱོགས་གསར་བ་བྱིན་པས། རང་ཞིང་གིས་མཐོ་སྒང་ཁམས་གསོའི་ཐོན་ལས་ཀྱི་འཕེལ་རྒྱས་སྲིད་ཇུས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔྱད་གཞི་འདོན་སྤྲོད་བྱས་ཡོད། གོ་རིམ་རྗེས་མར། རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་གྲུབ་འབྲས་ནན་ཏན་གྱིས་གསལ་འགྲེལ་དང་སྤྱི་བསྡོམས་བྱས་ཏེ། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་ཞིག་གྲུབ་པར་བྱེད་རྒྱུ་དང་། མཐོ་སྒང་ཁམས་གསོའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བར་དམིགས་ཏེ། རང་འགུལ་གྱིས་བདེ་ཐང་ཀྲུང་གོའི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུས་ནས་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་བསྡུ་བར་རྩ་འཛུགས་བྱེད་པ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་ཇུས་ཆོད་འདོན་པར་དཔྱད་གཞི་དང་གཞི་འཛིན་ས་འདོན་སྤྲོད་བྱེད་པ་དང་། རང་ཞིང་གི་མཐོ་སྒང་ཁམས་གསོའི་ཐོན་ལས་སྐས་རིམ་གསར་པར་སླེབས་པར་རོགས་ཤུགས་བཏོན་ནས། སྔར་ལས་ལྷག་པར་མི་དམངས་མང་ཚོགས་ཀྱི་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་བདེ་ཐང་ཁམས་གསོའི་ཐད་ཀྱི་དགོས་མཁོ་བསྐང་དགོས། རྗེས་ཕྱོགས་མུ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཕན་ཚུན་དཔེ་ལྟ་དང་སློབ་སྦྱོང་བྱས་ནས་མཉམ་དུ་མཐོར་འདེགས་གཏོང་བའི་རེ་བ་ཡོད།
རྟོག་ཞིབ་སྐབས་སུ། བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོ་རྩ་འཛུགས་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་འཁྲུག་ཆེན་དང་པོའི་རྟེན་མཛོད་ཁང་དང་། མཚོ་དམག་རྟེན་མཛོད་ཁང་། ཆིན་ཏོ་ཡི་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་། ཆིན་ཏོ་གྲོང་ཁྱེར་སྲིད་གྲོས་མི་རིགས་ལས་རིགས་སོ་སོའི་ཨུ་ཡོན་དང་སྨན་རྫས་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་བྱ་བའི་གཞུང་སྒྲུབ་ཁང་བཅས་ལ་ལྟ་ཞིབ་བྱས།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས་དང་ཆེད་མཁས་པ་བཅས་རྟོག་ཞིབ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注