ཁྲག་ཤེད་ཇེ་དམའ་རུ་གཏོང་འདོད་ན། ཐའེ་ཅི་དྲག་རྩལ་སྦྱོང་།
ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་གླིང་ཀོང་ཨན་མོན་སྨན་ཁང་སོགས་སྡེ་ཁག་གི་ཞིབ་འཇུག་མི་སྣས་གསར་དུ་ཤེས་རྟོགས་བྱུང་བ་ལྟར་ན། ཐའེ་ཅི་དྲག་རྩལ་སྦྱངས་པས་ཁྲག་ཤེད་མཐོ་བའི་དར་མར་སྔ་དུས་སུ་ཕན་ཐོགས་ཡོད་ལ། དེས་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་ཕན་འབྲས་ནི་དབྱང་ལྡན་འགུལ་སྐྱོད་ལས་མངོན་གསལ་རེད།
ཞིབ་འཇུག་མི་སྣས་ཐའེ་ཅི་དྲག་རྩལ་དང་དེ་ལས་དྲགས་པའི་དབྱང་ལྡན་འགུལ་སྐྱོད་ཀྱིས་ཁྲག་ཤེད་མཐོ་བའི་སྔ་དུས་ཀྱི་ནད་པར་ཤུགས་རྐྱེན་ཐེབས་ཚད་ཞིབ་བསྡུར་བྱས་ཡོད། དེའི་ཁྲོད་ཞུགས་མཁན་རྣམས་ཚོ་ཆུང་གཉིས་སུ་དབྱེ་ཡོད་པ་སྟེ། ཚོ་ཆུང་གཅིག་གིས་ཐའེ་ཅི་དྲག་རྩལ་སྦྱོང་བརྡར་བྱས་པ་དང་། ཚོ་ཆུང་གཞན་པས་དབྱང་ལྡན་འགུལ་སྐྱོད་བྱས་པ་སྟེ། ཐེམ་སྐས་འཛེགས་པ་དང་དལ་རྒྱུག མགྱོགས་འགྲོ། རྐང་འཁོར་ཞོན་པ་སོགས་གཟའ་འཁོར་རེར་ཐེངས4དང་ཐེངས་རེར་ཆུ་ཚོད1ལོན་པ། ལོ་གཅིག་ལ་རྒྱུན་འཁྱོངས་བྱས་ཡོད། མི་ཕྱེད་ཀས(ཆ་སྙོམས་ལོ49ཡིན)རྩལ་ཁྲིད་པའི་མཛུབ་སྟོན་འོག་གཟའ་འཁོར་རེར་ཐའེ་ཅི་དྲག་རྩལ་ཐེངས4ལ་སྦྱོང་བརྡར་བྱས་པ་དང་། ཐེངས་རེར་ཆུ་ཚོད1ལོན་པ། ལོ་གཅིག་ལ་རྒྱུན་འཁྱོངས་བྱས་པ་རེད།
དཔྱད་འབྲས་ལས་མངོན་པ་ལྟར་ན། ཐའེ་ཅི་དྲག་རྩལ་ཚོ་ཆུང་གི་འཁུམ་གནོན་མར་ཆག་ཚད་དབྱང་ལྡན་འགུལ་སྐྱོད་ཚོ་ཆུང་ལས་མངོན་གསལ་གྱིས་མཐོ་བར་མ་ཟད། ཐའེ་ཅི་དྲག་རྩལ་ལ་ཡུན་རིང་དང་རྒྱུན་མཐུད་ཀྱི་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་ཕན་འབྲས་ཡོད་པ་རེད།
དབྱང་ལྡན་འགུལ་སྐྱོད་དང་མི་འདྲ་བར། ཐའེ་ཅི་དྲག་རྩལ་གྱི་རྡབ་ཤུགས་དམའ་བས། ལོ་ཚོད་མི་འདྲ་བ་དང་ལུས་པོའི་འཚམ་ཚད་མི་འདྲ་བའི་མི་ཚང་མར་འཚམ། དེས་ལུས་པོའི་དོ་མཉམ་དང་སྙིང་དང་གློ་བའི་བྱེད་ནུས་ཇེ་ལེགས་སུ་གཏོང་བར་མ་ཟད། ལྷོད་ལ་འབབ་པར་ཡང་སྐུལ་འདེད་གཏོང་ཐུབ་པས། གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་། ཁྲག་ཤེད་ཇེ་དམའ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注