《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་ཁྲིད་ཀློག》ཅེས་པའི་ལེ་ཚན་གྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས།
ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་བསྒྲུབས་པའི《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་ཁྲིད་ཀློག》ཅེས་པའི་ལེ་ཚན་གྱི་བགྲོ་གླེང་ཚོགས་འདུ་ཟླ4པའི་ཚེས22ཉིན་པེ་ཅིང་དུ་བསྡུས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཉམས་མྱོང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་བྱེད་པ་དང་། ཇི་ལྟར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམིགས་ཏེ་གསར་གཏོད་རང་བཞིན་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། ཆོད་དོན་གསར་པ་རབ་དང་རིམ་པ་བཏོན་པ་དང་། ཇི་ལྟར་དཔལ་འབྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ལན་བཏབ་སྟེ། མ་ལག་ལྡན་ཞིང་ཆ་ཚང་ལ་གཏིང་ཟབ་པའི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་ཡོད། ཚང་མས་བསྟན་དོན། 《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་ཁྲིད་ཀློག》ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གོ་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བྱེད་པའི་བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་ཐོག་མ་ཡིན་ལ། ལེ་ཚན་གྱི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་སོགས་ཀྱི་རྒྱས་བཤད་གལ་ཆེན་ལ་དམིགས་པ་དང་། དེའི་ནང་དུ་འདུ་བའི་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་པོ། འཐབ་ཇུས་ཀྱི་བསམ་བློ་ཟབ་མོ། ལོ་རྒྱུས་ཀྱི་འགན་འཁྲི་དྲག་པོ། མི་དམངས་ཀྱི་བརྩེ་བ་ཟོལ་མེད་དང་ཚན་རིག་དང་མཐུན་པའི་བསམ་བློའི་བྱེད་ཐབས་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པར་མ་ཟད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་རིན་ཐང་། ལག་ལེན་གྱི་སྟོབས་ཤུགས་བཅས་ཁྱོན་ཡོངས་ནས་མངོན་ཡོད་པས། སྤྱི་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པར་གསོན་ཉམས་ལྡན་པའི་སློབ་དེབ་མཁོ་འདོན་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注